| e-texts navigator |
| Wylie |
342b1 པའི་སེམས་ཅན་དེ་དག་ཀྱང་།། ངོ་མཚར་མང་དུ་བྱུང་བ་མ་ཆོས་དང་ལྡན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་སུངས་འབྲུ
342b2 དེ་དག་རྒྱ་ཕྲག་འདི་སྙེད་ཅིག་ཅེ་འམ།། སྟོང་ཕྲག་འདི་སྙེད་ཅིག་ཅེ་འམ།། བརྒྱ་སྒོང་ཕྲག་འདི་སྙེད་གཅིག་ཅེ་འམ།། དཀྲིགས་པ་དང་།། བརྩམས་པ་དང་། ཁྱེད་ཕྱིན་པ་དང་། མི་འཁྲུགས
342b3 པ་ཁྲག་འདི་སྙེད་ཅིག་ཅེའམ།། སངས་རྒྱས་ཀྱི་ཞིང་འདི་སྙེད་ཅིག་ཅེ་འམ།། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་འདི་སྙེད་ཅིག་ཅེ་འམ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་འདི་སྙེད
342b4 ཅིག་ཅེ་འམ།། སངས་རྒྱས་ཀྱི་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེས་རབ་ཏུ་མཁྱེན་ཏོ།། རིགས་ཀྱི་བུ་བྱང་ཆུབ་འདོད་ལ་ལ་ཞིག་གིས།། སངས་རྒྱས་ཀྱི་ཞིང་དེ་སྙེད་ཅིག།
342b5 རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ།། སྦྱིན་པ་བྱིན་པ་བས།། ཇི་ལྟར་སྐྱེས་བུ་དམ་པ།། དམ་པའི་ཆོས་ཡོངས་སུ་འཛིན་པ།། གང་ཡོན་ཏན་གྱི་མཆོག་འདི་ལྟ་བུ་ལ
342b6 གནས་པ་དེ་དག་གིས་དེ་བཞིན་གཤེགས་པ་གཅིག་གི་དམ་པའི་ཡོངས་སུ་བཟུང་ན་འདི་དེ་བས་ཆོས་བསོད་ནམས་ཆེས་མང་དུ་སྐྱེད་དོ།། ཡུངས་འབྲུ་ཇི་སྙེད་པ་དེ་སྐད
342b7 དུ།། བརྒྱ་བྱིན་དང་། ཚངས་པ་དང་། ལལ་ཞིག་གིས་སྟེ་སྟང་དུ་བྱས། ཐ་མར་བྱས། རི་མོར་བྱས་ཏེ་གང་མཆོད་པས། གང་ཟབ་པའི་ཆོས་ལ་བཟོད་པ་ཐོབ་པ་དེ།
342b8 ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ།། ཡུངས་འབྲུ་ཇི་སྙེད་པ། དེ་སྙེད་ཀྱི་རྟེན་པ་མེད་པའི་མཆོད་སྦྱིན་པས། གང་གཞན་ཞིག་སེམས་ཅན་ཐམས་ཅད་ལ་ཁེང