e-texts navigator
Collection
Volume
Page
Wylie

342a1 སྙེད་པར།། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་དེ་སྐད་འདས་ཤིང་། རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་ཚུལ་དེ་ལྟ་བུར་ཤར་ཕྱོགསུ་རྡུལ་ཕྲ་རབ་དེ་དག
342a2 ཐམས་ཅད་ཟད་ཟད་དུ་བཞག་ཀྱང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གྱི་མཐར་ཐུག་པ་གང་ཡང་མེད་དོ།། ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་ཕྱོགས
342a3 རེ་རེར་ཡང་སངས་རྒྱས་ཀྱི་ཞིང་དེ་སྙེད་དོ།། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དེ་དག་གི་རྡུལ་ཕྲ་རབ་རྣམས་ཚུལ་དེ་ལྟ་བུ་ཕྱོགས་བཅུར
342a4 བཞག་པ་ལ་ཚད་དམ་མཐའ་རྟོགས་པར་ནུས་སམ།། གསོལ་པ་བཅོམ་ལྡན་འདས་དེ་ནི་མི་ནུས་སོ།། གཞན་དུ་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཡེ་ཤེས་ཆགས
342a5 པ་མི་མངའ་བས། མཁྱེན་པ་ནི་མ་བརྟོགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་དག་ལས། གང་དུ་རྡུལ་ཕྲ
342a6 རབ་དེ་དག་གཞག་པར་འགྱུར་བའི་སངས་རྒྱས་ཀྱིས། དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་གྱུར་ཏེ།། རྩིག་པས་སྐོར་ནས། འོག་གི་ཆུའི་ཕུང་པོ་ནས་བཟུང་སྟེ།
342a7 སྲིད་པའི་རྩེ་མོའི་བར་གྱི་གྲོང་ཁྱེར་དེ་དག་གི་ཡུངས་འབྲུ་མི་བཅུག་པ་འབ་ཤིག་གིས།། ཡོངས་གང་བར་གྱུར་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཡུངས་འབྲུ་དེ་དག
342a8 མང་ངམ། གསོལ་པ་བཅོམ་ལྡན་དེ་བཞིན་གཤེགས་པས།། ཇི་ལྟར་དཔེའ་བཙལ་བ་འངོ་མཚར་ཏོ།། བཅོམ་ལྡན་འདས་གང་དཔེ་འདི་ཐོས་ནས། དང་པར་འགྱུར




iiif viewer powered by OpenSeadragon

341b - 342b

Texts on this page

F159 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo