| e-texts navigator |
| Wylie |
8a1 ཆོས་ཀྱི་རྣམས་གྲངས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་གསུང་ངོ་།། སྟོན་ཏོ་རབ་ཏུ་ཚད་དོ།། འཛིན་དུ་འཇུག་གོ།། ཀློག
8a2 ཏུ་འཇུག་གོ།། ཤེས་པར་མཛད་དོ།། རྣམ་པར་ཤེས་པར་མཛད་དོ།། རབ་ཏུ་ཤེས་པར་མཛད་དོ།། རབ་ཏུ་འགོད་དོ།། རྣམ་པར་འབྱེད་དོ།། རྣམ་པར་འགྲེལ་ཏོ།།
8a3 གསལ་བར་མཛད་དོ།། ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ཤིན་ཏུ་རྣམ་པར་ངེས་པ་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི
8a4 ལྟ་བུ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། འོག་ཏུ་སའི་སྟེང་ནས་བཟུང
8a5 བ་ཡན་ཅད། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལ་ཐུག་པའི་བར་དག་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟར་ཀུན་ཏུ་སྣང་སྟེ། འདི་ལྟ་སྟེ་དཔེར
8a6 ནཿསྲེད་པ་བསྐལ་པ་དས་ནས། ཆགས་པ་འབྱུང་བའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཆུས་ཡོངས་སུ་གང་བར
8a7 གྱུར་ཏེ། ཆུའི་དཀྱིལ་འཁོར་གྱིས་ཡོངས་སུ་འཁོར་བ་དེ་བཞིན་དུ། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུས་ཡོངས་སུ་གང