e-texts navigator
Collection
Volume
Page
Wylie

206a1 རིང་གནས་གྱུར།། ལེགས་གསུངས་ཆོས་ནི་གཞར་ཡང་ནུབ་མ་གྱུར།། གང་དག་ཆོས་ཀྱི་ཚུལ་ནི་འདི་འཛིན་པ།། དེ་དག
206a2 ལ་ནི་བདག་ཅག་བསྙེན་བཀུར་བགྱི།། བདག་ཅག་ཐམས་ཅད་གུས་དང་བཅས་པར་ནི།། ཀུན་ཏུ་བསྲུང་ཞིང་སྦ་བར་སྤྲོ་བར་བགྱི།། དེ་ནས་བཅོམ
206a3 ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཆོས་ཀྱི་ཚུལ། ཆོས་ཀྱི་ཕྱག་རྒྱ་ཆོས་བཏུས་པ། ཆོས
206a4 རབ་ཏུ་རྣམ་པར་འབྱེད་པ། ཆོས་རབ་ཏུ་དབྱེ་བ་འདི་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས
206a5 རྣམས་ཀྱི་བཤད་པ་འཆད་པ་དང་འཆད་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་དེ་ལ་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་། སྒྲུབ་པ་སྙིང་པོར་བྱའོ།།
206a6 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། ཐམས་དང་ལྡན་པའི་བྱང་ཆུབ་སེམས་དཔའི
206a7 ཚོགས་དེ་དང་། དགེ་སློང་གི་དགེ་འདུན་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ




iiif viewer powered by OpenSeadragon

205b - 206b

Texts on this page

F153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo