e-texts navigator
Collection
Volume
Page
Wylie

205a1 @དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས།། གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ།། བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ།
205a2 མེད། གང་གིས་འཇིག་རྟེན་ཁམས་འདི་སྟོང་ཕྲག་བཅུ།། རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས།། གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི།། བསོད་ནམས
205a3 དེའི་ཆར་ནི་སྔ་མ་མིན།། ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་རྣམས།། རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ།། སངས་རྒྱས་རྣམས་ལ་དབུལ་བར་ཕུལ
205a4 བ་བས།། གང་གིས་ཚུལ་འདི་རབ་ཏུ་སྦྱོར་བ་དང་།། ཕྱོགས་བཅུ་རྣམས་སུ་གང་གའི་བྱེ་སྙེད་ཞིང་།། རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས།། ཇི་ལྟར།
205a5 བསྟན་པ་བཞིན་དུ་གང་གནས་པའི།། བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན།། རྫོགས་པའི་བྱང་ཆུབ་སེམས་དཔའ་ཆོས་འཛིན་དང་།། ཆོས་སྒྲུབ
205a6 བ་དང་སྲོག་ཆགས་སྙིང་རྗེ་བ།། ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ།། དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་།། ན་མཁའི་ཁམས་དང་།
205a7 དེ་བཞིན་སེམས་ཅན་ཁམས།། སངས་རྒྱས་ཡེ་ཤེས་དང་ནི་བྱང་ཆུབ་སེམས།། ཆོས་བཞི་འདི་དག་དཔག་ཏུ་མེད་པ་སྟེ།། མཁས་པ་རྣམས་ཀྱིས་དེ་ཐོགས




iiif viewer powered by OpenSeadragon

204b - 205b

Texts on this page

F153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo