| e-texts navigator |
| Wylie |
201b1 ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་འགྱུར་བ་ལྟར། བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅོད་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས
201b2 ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། ཐ་མའི་དུས་ཀྱི་ཚེ། ཅི་ནས་དགེ
201b3 བའི་རྩ་བ་སྐྲུན་པའི་སེམས་ཅན་རྣམས་ཀྱི་སུག་པར་མཆི་བ་དང་། མཆོད་དུ་འཇུག་པ་དང་། གླེགས་བམ་དུ་འགྱུར་ཞིང་ནུབ་པར་མི་འགྱུར་བར། བཅོམ་ལྡན་འདས
201b4 ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ
201b5 མཁྱེན་ནས། མཛོད་སྤུ་ནས་འདི་ལྟ་བུ་འོད་བྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས།།
201b6 སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྩཝ་དང་ཤིང་གེལ་བ་དང་། སྨན་དང་ནགས་ཚལ་དང་། རྡོ་དང་གྱོ་མོ་དང་། གཟུགས་སུ་སྣང་བ་གང
201b7 དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་སུ་སྣང་ངོ་།། རིན་པོ་ཆེ་བཀོད་པའི་འཁོར་ཁྱམས་ན་མཆོད་པའི་ལས་བྱིན་གྱིས་བརླབས