e-texts navigator
Collection
Volume
Page
Wylie

265b1 སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་སྐྱེའོ།། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེ་ལོག
265b2 སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་ཏོན་པ་མི་མཉམ་པ་དང་། གང་ཟག་ཟླ་མེད་པ། ཁམས་གསུམ་ན
265b3 མགོན་པོའི་མཆོག་སེམས་ཅན་ཐམས་ཅན་ཕན་པར་མཛད་པ། འཇིག་རྟེན་གྱི་ཆོས་ཀྱི་མི་བསྐྱོད་པ། ན་མཁའ་ལྟར་མི་གོས་པ། བསམ་གྱིས་མི་ཁྱབ་པ། བསམ་པར
265b4 འོས་པ། ལྷ་འདོད་པ་ལྟ་ན་སྡུག་པ། འདི་འདྲ་བ་ནི་བདག་གིས་རྙེད་པར་རབ་ཏུ་རྙེད་དོ།། བདེ་བར་གཤེགས་པར་རབ་ཏུ་རྙེད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད
265b5 ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་དགའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་དགེ་སློང་དེ་དག། བཅོམ་ལྡན་འདས
265b6 ཀྱི་བཤད་པ་ལ་མངོན་པར་བསྟོད་དོ།། འཕགས་པ་འཇམ་དཔལ་གྱི་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། རྫོགས་སྷོ།།
265b7 རྒྱ་གར་སྐད་དུ། ཨཱ་ཊ་ཎི་ཏ་ཡ་མ་ཨཱུ་ཏྲ་ན་མ་མ་ཧཱ་སུ་ཏྲ་མ། བོད་སྐད་དུ། མདོ
265b8 ཆེན་པོ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱང་མ་ཡིན་པ་དང་། འཐུན་པའི་མདོ་ཞེས་བྱ་བ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།




iiif viewer powered by OpenSeadragon

265a - 266a

Texts on this page

F150 - 'phags pa 'jam dpal gyis dris pa zhes bya ba theg pa chen po'i mdo
F151 - mdo chen po kun tu rgyu ba dang kun tu rgyu ba ma yin pa dang mthun pa'i mdo zhes bya ba