e-texts navigator
Collection
Volume
Page
Wylie

261a1 ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསར་ཏོ།། བཅོམ་ལྡན་འདས་བསོད་ནམས་ཆེན་པ་གང་གིས་འདུལ
261a2 བཁྲག་ཁྲིག་བརྒྱ་སྟོང་དུམའི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་དུ་གྱུར་པའི་བསོད་ནམས་ཆེན་པོ་དེ་ཇི་སྙེད་ཇི་ཙམ་ལགས
261a3 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་བསོད
261a4 ནམས་ཆེན་པོ་གང་གིས་འདུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟེང་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་དྲུང་དུ་འགྱུར་བའི་བསད་ནམས་ཆེན
261a5 བ་དེ་ནི་ཤེས་རབ་ལས་བྱུང་བ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྲེས་པ་ཡིན་ཏེ། བསམ་གྱིས་མི་ཁྱང་བོ།། འཇམ་དཔལ་འཇམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ
261a6 དེ་དག་ཐམས་ཅད་དགེ་པ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་ལ། གང་སེམས་ཅན་གྱི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱར་བསྒྱུར་བས། གླིང་བཞི་ལ་དབང་བ་རིན
261a7 པཆེ་བདུན་དང་ལྡན་པའི་འཁོར་ལེས་སྦྱར་ངའི་རྒྱལ་པོར་འགྱུར་ཏེ། དེའི་རིན་པོ་ཆེ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པ་ཆེ་དང་། གླང་པོ་རིམ་པོ་ཆེ་དང་། རྟ་རིན་པ་རྒྱ
261a8 དང་ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམས་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་། འདི་བདུན་འབྱུང་ངོ་།། དེ་ལྟ་བུ་སྟོབས་དཔའ་རྟུལ་ཛང།




iiif viewer powered by OpenSeadragon

260b - 261b

Texts on this page

F150 - 'phags pa 'jam dpal gyis dris pa zhes bya ba theg pa chen po'i mdo