| e-texts navigator |
| Wylie |
260a1 བགྱི།། ཇི་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་མཁྱེན་ནས།། སྩལ་པ་ལེགས་པར་སྩལ་ཅིང་ལེགས་རྒྱས་པ།། དེ་བཞིན
260a2 བདག་གིས་སྐྱེ་དབུ་སྲན་སྲད་སྲུལ།། འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག། ཇི་ལྟར་བདག་གིས་འབྲོ་ལ་སྩལ་པ་གང་དགས་པའི།། བསོད་ནམས་འབྲས་བུ་བ
260a3 མེད་ཅི་མཆིས་པ།། ཐེག་པ་ཆེན་པོར་ཡོངས་སུ་བསྔོ་བར་བགྱི།། བདག་ལ་བྱང་ཆུབ་འབྲས་བུ་གྲུབ་པར་ཤོག། མཚུངས་པ་མ་མཆིས་ཀུན་ནས་སྒོ་མོ་རྣམས།། །
260a4 འགྲོ་བའི་དོན་དུ་བདག་ལ་མངོན་སུམ་ཤོག། འཇམ་དཔལ་གྱི་ནི་རྗེས་སུ་སློབ་བགྱིད་ཅིང་།། བྱང་ཆུབ་སྤྱོད་པའི་སྨོན་ལམ་གདབ་པར་བགྱི།། མི་ཅིག་ཙམ་གྱི་ཆེད་དུ
260a5 འང་མནར་མེད་པའི།། ཚོར་བ་ཐམས་ཅད་བདག་གིས་མྱོང་འགྱུར་བར།། བསྐལ་པ་དུ་མར་བདག་ནི་སྤྲོ་བར་བགྱི།། འགྲོ་བ་ཐམས་ཅད་མྱ་ངན་མེད་པར་ཤོག
260a6 སེམས་དམྱལ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་དང་།། དུད་འགྲོའི་གནས་རྣམས་མིའི་སྡུག་བསྔལ་དང་།། འགྲོ་བའི་སྡུག་བསྔལ་ཕུང་མོ་མཐའ་ཡས་དག། བདག
260a7 ལ་བབ་གྱུར་འགྲོ་བ་བདེ་བར་ཤོག། རྒྱལ་བ་རྣམས་ཀྱི་ཞིང་ནི་རྣམ་དག་དང་།། སེམས་ཅན་རྣམ་དག་ཡེ་ཤེས་རྣམ་དག་དང་། རྒྱལ་བ་རྣམས་ཀྱི་སྨོན་ལམ་མཐའ།
260a8 ཡས་གང་།། སྨོན་ལམ་དེ་ཀུན་བདག་ལ་གྲུབ་པར་ཤོག། བདག་གི་སྨོན་ལམ་ཉམས་པར་མ་གྱུར་ཅིག། བདག་ནི་རྣམས་ཡང་སྐྱེ་བར་མི་འགྱུར་ཤོག། བྱང་ཆུབ