e-texts navigator
Collection
Volume
Page
Wylie

259a1 ཨག་གྲ་ཙརྱ་པྲན་དྷཱ་ནན། བོད་སྐད་དུ། མཆོག་གི་སྤྱོད་པའི་སྨོན་ལམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
259a2 ཐམས་ཅད་ལ་ཕྱག་འཚལ་ལོ།། སྐེ་དགུ་ཀུན་ལ་སྨན་དང་བདེ་སླད་དུ།། ཕྱོགས་བཅུའི་འཇིག་རྟེན་སངས་རྒྱས་རྣམས་ལ་འདུད།། དེ་དག་ལ་ནི་མཆོད་ཅིང
259a3 བརྗོད་པར་བགྱི།། འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག། བྱམས་པ་དང་ནི་འཇམ་དཔལ་མངའ་བདག་རྟོག། ཆོས་ཀྱི་བློ་གྲོས་དཔའ་བོ་བདུད་རྩི་གསུང་།།
259a4 དཔའ་བོ་དེ་དག་ཕྱག་འཚལ་མཁྱེན་པ་ལྟར།། དེ་བཞིན་བདག་ཀྱང་མི་དབང་རྣམས་ལ་འདུད།། ཐུགས་རྗེར་ལྡན་ཞིང་འཇིག་རྟེན་དེ་ན་མཛད་པའི།། རྒྱལ་བ་མི་མཁྱེན
259a5 མི་གཟིགས་མི་མངའ་བ།། མི་དབང་ཐུགས་བརྩེ་བྱམས་པ་གནས་པ་ཡི།། རྒྱལ་བ་དེ་ཀུན་བདག་ལ་དགོངས་སུ་གསོལ།། སྔོན་གྱི་སྲིད་པ་དག་ཏུ་བདག་ཉིད་ཀྱི།།
259a6 སྡིག་པའི་ལས་རྣམས་གང་བགྱིས་བདག་གི་བཤམས།། དེ་བཞིན་ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས།། དེ་དག་ཐམས་ཅད་བདག་གིས་སོ་སེར་བཤགས།
259a7 ཤཱཀྱ་ཐུབ་དང་མི་འཁྲུགས་འོད་དཔག་མེད།། དེ་དག་གིས་ནི་འཕྲིན་ལས་ཡོངས་སྦྱངས་དང་།། འཆགས་དང་བཤགས་པ་མཁྱེན་ཅིང་རྟོགས་གྱུར་ལྟར།། དེ་བཞིན་བདག
259a8 གི་སྡིག་པ་བཤགས་པར་བགྱི།། ཐམས་ཅད་དཀའ་མཛད་སྐྱེས་བུ་དམ་པ་གང་། བྱང་ཆུབ་ཞུགས་པ་ཀུན་ལ་གསོལ་བ་འཚལ། ངན་སོང་བཞི་པོ་མྱུར་ཞི་གྱུར་ཅིག། མི




iiif viewer powered by OpenSeadragon

258b - 259b

Texts on this page

F149 - mchog gi spyod pa'i smon lam