e-texts navigator
Collection
Volume
Page
Wylie

256a1 དགེ་འདུན་ལ་ཕུལ་ན། དེ་མུ་གེའི་བར་གྱི་བསྐལ་བར་མི་སྐྱེ་བར་འགྱུར་རོ།། ཀུན་དགའ་བོ་དགེ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པ་ནི།
256a2 འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བྱེད་པ་ཡིན་ནོ།། གསུམ་པོ་གང་དག་ཅེ་ན། ཀུན
256a3 དགའ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། འཁོར་བར་ཟད་པར་མི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར
256a4 བྱེད་པ་ཡིན་ནོ།། དགེ་བའི་རྩ་བ་ཆོས་ལ་སྐྱོད་པ་དང་། དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་འགྱུར་ཞིང་། ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན
256a5 ལས་འདས་པ་ཐོབ་པར་བྱེད་པ་ཡིན། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའི་ཕྱིར། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི
256a6 འཛམ་བུའི་གླིང་གི་ཀློང་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་སོ།། ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ནི་དཔག་ཚད་བདུན་སྟོང་། ཆུར་ཡང་དཔག་ཚད་བདུན་སྟོང་སྟེ།
256a7 བྱང་གི་ཞིང་ནི་ཆེ། ལྕེའི་ནི་ཤིང་རྟའི་དབྱིབས་སོ།། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེའི་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས
256a8 དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ




iiif viewer powered by OpenSeadragon

255b - 256b

Texts on this page

F148 - khang bu brtsegs pa'i mdo