e-texts navigator
Collection
Volume
Page
Wylie

37b1 སོང་འགྲོ་བ.ལོ་ནི་སྟོང་ལས་མི་ཉུང་བར་དུ་ཡང་།། དམུས་ལོང་དབང་པོ་དམན་ཞིང་སེམས་ཀྱང་ཉམས།། སྡུག་བསྔལ་ཆེན་པོ་འདི་ནི་གཡངས་ས་གཉིས།། སངས་རྒྱས
37b2 ཆོས་འཛིན་མི་འཇིགས་གང་ཡིན་པ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐོང་བྱེད་པ།། དེ་དག་སྐར་འདེབས་གཡང་ས་ཆེན་པོ་གསུམ།། བསྐལ་བ་བྱེ་བ་མང་པོ་མོང
37b3 བར་འགྱུར།། དེ་ནི་དད་པས་བྱིན་པ་མི་རིགས་སྤྱོད།། དེ་ནི་གཡངས་ས་ཚོན་པོ་བཞི་པ་ཡིན།། དེ་ནི་འཇིགས་རྟེན་སུས་ཀྱང་བསྐྱབ་མི་ནུས།། སྡིག་པའི་ལས་ཅན
37b4 ངན་སོང་ཀུན་ཏུ་རྒྱུག། བསམ་པ་དག་པ་འཕགས་པའི་དག་པ་ཡིན།། བྱང་ཆུབ་གཡོ་མེད་དེ་ནི་སེམས་ཀྱི་བཞི།། སྨྲས་པ་ཙམ་གྱིས་བྱང་ཆུབ་མི་ཐོབ་ཀྱིས།།
37b5 སེམས་ཀྱང་དག་པར་བྱ་ཞེས་བདེ་གཤེགས་གསུངས།། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་ན།། སྲོག་ཆགས་ལྔ་སྟོང་གིས་སྔོན་མ་བསྐྱེད་པ
37b6 ལས།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ།། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། རྒྱལ་པོ་ཚངས་པས་བྱིན
37b7 ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། སྲོག་ཆགས་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ
37b8 བ་རྣམ་པར་དག་གོ། ལྷ་དུང་ཕྱུར་གྱིས་ནི་སྔོན་མ་སྐྱེད་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། འདི་ནི




iiif viewer powered by OpenSeadragon

37a - 38a

Texts on this page

F113 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo