e-texts navigator
Collection
Volume
Page
Wylie

37a1 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་དེ་དག་བསྐུལ་བར་བགྱིའོ།། དགེ་སློང་སྡིག་ཅན་དེ་ལྟ་བུ་དག་ཆབས་འོག
37a2 ཐམས་ཅད་དུ་གྲགས་པར་མ་གྱུར་ཅིག། མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཞོ་ཤས་འཚོ་དག་བཏང་སྟེ། དགེ་སློང་དེ་དག
37a3 བསྐུལ་དུ་བཅུག་ནས། ཆབས་འོག་ཐམས་ཅད་དུ་དེ་དག་མི་འདུག་པར་བྱས་སོ།། བཅོམ་ལྡན་འདས་འདི་ནི་དེ་དག་གི་ཚེ། འདིའི་རྣམ་པར་སྨིན་པ་ལགས་སོ།།
37a4 དེ་དག་ནི་ཚེ་ཕྱི་མ་ལ་ཡང་བདག་ཉིད་བརྟགས་པ་ལག་སོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཚངས་པས་བྱིན་ལ་འདི་སྐད་ཅེས་བཀའ
37a5 སྩལ་ཏེ། རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་སྙན་པ་འདི་ལ་རབ་ཏུ་བྱུང་བའི་གཡང་ས་ཡིན་ཏེ། བཞི་གང་ཞེ་ན། སངས་རྒྱས་ལ་མ་གུས་པ་དང་། དམ་པའི་ཆོས་སྤོང
37a6 བ་དང་། ཆོས་སྨྲ་བ་ལ་སྡང་བ་དང་། མངོན་པར་བརྩོན་པ་མེད་པར་དད་པས་བྱིན་པ་ལེན་པ་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བའི
37a7 གཡང་ས་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སངས་རྒྱས་སོམ་ཉི་ཟ་བ་ག་ཡངས་སའི་མཆོག། འཇིག
37a8 རྟེན་ཀུན་གྱིས་སྐྱབས་བྱེད་མི་ནུས་ཏེ།། བློ་ཆུང་དེ་ནི་བསྟན་ལས་ཉམས་གྱུར་པས།། མགོན་མེད་དེ་ནི་ངན་འགྲོར་འགྲོ་བར་འགྱུར།། དེས་ནི་ཆོས་ཀྱང་སྤངས་ནས་ངན




iiif viewer powered by OpenSeadragon

36b - 37b

Texts on this page

F113 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo