e-texts navigator
Collection
Volume
Page
Wylie

36b1 ཤི་འཕོས་ནས་བསྐལ་པ་གསུམ་གྱིས་བར་དུ་ངན་སོང་རྣམས་སུ་འཁོར་བར་འཁོར་ནས།། ཚེ་རབས་བརྒྱད་ཁྲིའི་བར་དུ་རིགས་ངན་དུ་སྐྱེ་བར་འགྱུར་ཏེ།། དམན་པ།
36b2 དང་། གཞན་གྱི་ཟས་ཀྱིས་འཚོ་བ་དང་། འཇིག་རྟེན་གྱིས་སྨད་པར་འགྱུར་བ་དང་། ལུས་རིད་པ་དང་། མདོག་ངན་པ་དང་། ཆུང་བར་གྲགས་པ་དང་། བྱེད་ངན་པ་དང་།
36b3 ཚེ་རབས་ཐམས་ཅད་དུ་ཤས་ཆེས་ནད་རྒྱུན་རིངས་དང་། ཁམས་མ་སྙོམས་ཏེ་འཁྲུགས་པ་དང་། ཉམ་ཐག་པའི་སྐད་ཀྱིས་ཚོང་ངེ་འདོན་པ་དང་། གཽཤིས་ངན་དུ་འཆི
36b4 བར་འགྱུར་རོ།། དེ་ནས་ཚེ་རབས་ཀྱི་ཐ་མ་ལས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། ལོ་བརྒྱད་ཁྲིའི་བར་ད་དེ་དག་གིས། དེ་བཞིན
36b5 གཤེགས་པ་ཚེ་དཔག་མེད་ཆོས་སྟོན་པ་ཐོས་ལ་ཤེས་པར་ནི་མི་འགྱུར་རོ།། དེ་བཞིན་གཤེགས་པ་དེའི་འོད་མཐོང་ལ།། དེ་བཞིན་གཤེགས་པས་དེ་ནི་མི་མཐོང་ངོ་།།
36b6 དེ་དག་གི་ལུས་ལ་འོད་ཀྱིས་ཕོག་པར་ཡང་མི་འགྱུར་རོ།། དེ་དག་གིས་གཏན་དུ་རྣམ་པར་དག་པར་བྱ་བའི་ཕྱིར།། ཉིན་ལན་གསུམ་མཚན་ལྔ་གསུམ་དུ།། བྱང་ཆུབ
36b7 སེམས་དཔའ་འདུས་པའི་ཡན་ལག་ལྔས་གཏུགས་ཏེ།། ཉེས་པ་བཤགས་ནས་གདོད་དེའི་འོག་ཏུ་ལས་དེ་རྣམ་པར་དག་པར་འགྱུར་རོ།། དེ་ནས་དེ་བཞིན་གཤེགས
36b8 པ་ཡང་མཐོང་།། ཆོས་ཀྱང་ཤེས་པར་འགྱུར་ལ།། བྱང་ཆུབ་ཏུ་ལུང་སྙན་པ་ཡང་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཚངས་པས་བྱིན་གྱིས་འདི




iiif viewer powered by OpenSeadragon

36a - 37a

Texts on this page

F113 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo