| e-texts navigator |
| Wylie |
344a1 ཀྱེ་བཙུན་པ་རབ་མཐོང་ཆེན་པོ་སྔོན་གྱི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཤེགས་ཤིང་བཞུགས་པའི་གནས།
344a2 རང་སངས་རྒྱས་ཀྱི་བཞུགས་གནས་འདོད་ཆགས་དང་བྲལ་བ་དག་གིས་གནས་པར་བྱ་བ། དྲང་སྲོང་གནས་སུ་གྱུར། དེ་ཁོ་ན་ཉིད་ངེས་པར་མཁྱེན་ཏམ། འདས་པའི་བསྐལ་པ
344a3 དགུ་བཅུ་རྩ་གཅིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བྱ་འཇིག་རྟེན་དུ་བྱུང་སྟེ། དེའི་དགེ་སློང་གསལ་བ་ཞེས་བྱ་བ་ལྷ་དང་མིས་མཆོད་པའི
344a4 མཆོག་དུ་གྱུར་པའི་གནས་ཀྱང་འདི་ལགས་ཏེ། ཡུལ་དབུས་ལས་བྱང་ཕྱོགས་ཀྱིས་མཚམས་ཀྱི་རི་དུང་གི་སྟེ་བ་ཞེས་བྱ་བ་ནི། རི་དེ་ལ་རྩའི་རིགས་དུང་གི་ལྟེ་བ་འདྲ་བ་སྐྱེས
344a5 པས་དུང་གི་ལྟེ་བའི་རི་ཞེས་བྱ་བར་བཏགས་པར་གྱུར། རི་དེ་དང་ཉེ་བ་ན་ནགས་ཤིག་ན་ཀླུ་མོ་ཨཻ་ནི་ཞེས་བྱ་བ་གནས་པས་ཨཻ་ནི་ནོགས་ཞེས་བྱ་བར་གཏགས་པར་གྱུར།
344a6 དེ་ན་ཕྲག་ཅིག་ཡོད་པ་དང་ཉེ་བ་ཤིང་པ་ཏ་ལླི་བྱ་བ་སྐྱེས་པས། ཏ་ལིའི་ཕུག་ཅེས་བྱ་བ་གཏགས་པར་གྱུར་པ་དེ་ཉིད་དུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས
344a7 རྒྱས་རྣམ་པར་གཟིགས་ཤེས་བྱ་བ་འཁོར་གྱི་དགྲ་བཅོམ་པ་བརྒྱད་ཁྲི་དང་གཤེགས་ཤིང་ཐབས་ཅིག་ཏུ་ཞུགས་པར་གྱུར་དགེ་སློང་གསལ་བ་ཡང་དེ་ཉིད་ནའོ།། དེ
344a8 ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་དག་དང་རིམས་བཞིན་དུ་མྱ་ངན་ལས་འདས་པས་བསྟན་པ་ནུབ་ནས། རང་སངས་རྒྱས་བདུན་ཁྲི་དག་མངོན་པར་ཤེས་པ