e-texts navigator
Collection
Volume
Page
Wylie

343b1 ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དེ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཆོས་བསྟན་པ་མཛད་དེ། དེའི
343b2 འཁོར་ལྔ་པོ་དག་ལྟ་བ་ལ་མཆོག་ཏུ་འཛིན་པ་ཞིག་གི་བཅོམ་སྟེ། བདེན་པ་མཐོང་ནས་དེ་ཉིད་དུ་རབ་ཏུ་བྱུང་དགེ་སློང་གི་དངོས་པོ་བཟུང་སྟེ། ཉོན་མོངས་པ་ཐམས་ཅད་བཅོམ།
343b3 ནས་དགྲ་བཅོམ་པ་མངོན་བྱས་ཏེ་དགའོ་ནི་མ་གཏོགས་སོ།། སྐྱེ་བོ་མང་པོ་ཀུན་གྱིས་ཀྱང་ཆོས་ཁོང་དུ་ཆུད་དོ།། གཏོང་བ་ཆེན་པོ་རབ་མཐོང་ལྟ་བུའི་ཕྱིར་ལྷ་ལ་སོགས
343b4 པ་དག་ཀྱང་འོངས་ཏེ་དེར་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རབ་མཐོང་འདི་ལ་ནི་མཆོད་པ་བྱེད་པ་ལྟར་ངའི
343b5 དགེ་སློང་དང་དགེ་སློང་མ་དག་གི། ཉན་ཐོས་དག་ལ་ཇི་ལྟར་ལྷ་དང་མིས་མཆོད་པར་བྱེད་དེ། དེ་དག་གི་ནང་ན་ལྷ་དང་མིས་མཆོད་པར་བྱས་པའི་མཆོག་ནི་དགེ་སློང་རབ
343b6 མཐོང་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དུས་དེ་ཉིད་དུ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། འཇིག
343b7 རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། དྲི་ཟའི་རྒྱལ་པོ་དང་། གྲུལ་བུམ་གྱི་སྡེ་དཔོན་ལ་སོགས་པ་རང་རང་གི་གནས་པ་ནས
343b8 སྔོ་སྟེ་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ཕྱོགས་ཅིག་ཏུ་འདུག་སྟེ་མངོན་དུ་ཕྱོགས་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ།།




iiif viewer powered by OpenSeadragon

343a - 344a

Texts on this page

F140 - mun gyi nags tshal gyi sgo zhes bya ba'i mdo