e-texts navigator
Collection
Volume
Page
Wylie

343a1 དེས་སྨྲས་པ་ཡུལ་དབུས་ནས་འོངས་པ་ཡིན་ཏེ། དེ་ཡང་གྲོང་ཁྱེར་ཆེན་པོ་དྲག་གོ། དེའི་ནང་དག་ན་ཚད་མ་དྲུག་ལ་མཁས
343a2 ཤིང་ལྟས་ཀྱི་བྱ་བ་དྲུག་ལ་ཐོགས་པ་མེད་པ་བརྗོད་ནུས་པའི་སྟོན་པ་བཅཝོ་བརྒྱད་ཡོད་དེ་ན་ཆུ་ཀླུང་ཡང་འབབ་པོ་དེ་མ་ཡིན་པ་བསོད་ནམས་ཆེན་པོ་དང་ལྡན་པ་དགེ
343a3 ཞིང་ཤིས་པ་འཇིག་རྟེན་ཐམས་ཅད་མཁྱེན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་ནའོ་ཞེས་བྱས་པ་དང་། རབ་མཐོང་གིས་སྒྲ་དེ་ཐོས་པ་དང་། བ་སྤུ་ལངས
343a4 ཡིད་གཡོས་རབ་ཏུ་དགའ་སྟེ་དེར་འགྲོའོ་སྙམ་ནས་ཕའི་གན་དུ་སྟེ་ཕྱིན་ནས་ཡབ་བདག་ནི་ཡུལ་དབུས་སུ་མཆིའོ།། དེ་ནས་མུ་སྟེགས་པ་དག་ལས་རྒྱལ་བར་བགྱིའོ།།
343a5 མཁས་པར་བགྲངས་པ་དག་དང་ངེས་པར་ལྷན་ཅིག་སྨྲ་བར་བགྱིའོ་ཞེས་གསོལ་བ་དང་བས་དེ་དེ་ལྟར་གནང་ངོ་།། དེ་ནས་བསོད་ནམས་ཆེན་པོ་སྦྱིན་པ་དབང་ཕྱུག
343a6 ཆེན་པོ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་གཏོང་པ་ཆེན་པོ་ཅན་དེ་ལྷ་དག་གིས་བསྲངས་པ་ཞིག་པས་ལྷ་དག་ཉེ་བར་འོངས་ཤིང་སྔོན་དུ་འགྲོ་སྟེ།
343a7 རབ་མཐོང་ཆེན་པོ་ལ་མཆོད་པར་བྱོས་ཤིག་དང་ཕན་ཡོན་མང་པོ་དག་གི་འབྲས་བུ་ཆེན་པོ་འབྱུང་བར་འགྱུར་རོ།། ཞེས་སྒྲ་སྒྲོགས་ཤིང་སོང་བ་དང་།
343a8 རིམས་ཀྱིས་ལྷ་དང་མིས་མཆོད་པ་བྱས་ཤིང་མཉན་ཡོད་དུ་ཕྱིན་ཏོ།། དེ་ནས་ལམ་གྱི་དུབ་པ་རྟ་བསྟིས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ




iiif viewer powered by OpenSeadragon

342b - 343b

Texts on this page

F140 - mun gyi nags tshal gyi sgo zhes bya ba'i mdo