e-texts navigator
Collection
Volume
Page
Wylie

342b1 ཚལ་གྱི་སྒོ་ཞེས་བྱ་བའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན།
342b2 འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་ངམ་གྲོག་གསུམ་པོ་ཞེས་བྱ་བའི་ལྗོངས
342b3 ཀྱི་སྐྱེ་བོ་དག་གི་ནང་ནས། རི་ཁྲོད་ཀྱི་གྲོང་གཅིག་ན་བྲམ་ཟེ་ལ་བ་ཅན་ཞེས་བྱ་བ་སྤུན་བུ་འདོད་པའི་ཕྱིར་བྲམ་ཟེའི་རྡོ་ལེབ་ལ་དཀའ་ཐུབ་བྱེད་དེ་ལྷ་སྟོང་ཕྲག་བརྒྱ་ལ་བུ
342b4 སློང་ཞིང་གསོལ་བ་འདེབས་པ་དང་། ལ་བ་ཅན་ལ་བུ་བཙས་པ་ནི་མིང་རབ་མཐོང་ཞེས་བཏགས་སོ།། ནུ་བོ་ལ་བཙས་པ་ནི་དགའོ་ཞེས་བཏགས་སོ།། གང་གི་ཉིན
342b5 མོ་རབ་མཐོང་བཅས་པ་དེའི་ཉིན་མོ་བྲམ་ཟེ་ལྔ་བརྒྱ་ལ་བུ་ལྔ་བརྒྱ་བཙས་ཏེ། དེ་དག་རིམས་བཞིན་དུ་ཆེར་སྐྱེས་པ་དང་། རབ་མཐོང་ལ་སོགས་པ་ལྔ་བརྒྱ་ལྷན་ཅིག
342b6 དུ་རིག་པ་དག་སློབ་པ་ན། རབ་མཐོང་ལ་སོགས་པ་རིག་པའི་གནས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་ཅིང་ཐམས་ཅད་རྫོགས་པར་ཡང་དག་པར་བྱུང་བར་གྱུར་ལ།
342b7 བསོད་ནམས་ཀྱི་ཚོགས་ཡང་དག་པ་ལས་བྱུང་བའི་སྤྱོད་པ་མཚུངས་པ་མེད་པ་སྟོང་ཕྲག་བརྒྱ་སྙེད་ཐོབ་སྟེ་དབང་བྱེད་པ་གང་གི་དུས་སུ། མ་བྲམ་ཟེ་མ་མེད་པ
342b8 གཅིག་ཡུལ་དབུས་ནས་འོངས་ཏེ་ཕྱིན་ནས་ཕྲད་པ་དང་། དེ་ལ་གསོང་པོར་སྨྲ་སྟེ་གཏམ་དག་ཀྱང་བྱས་ནས་ངེས་པར་གང་ནས་འོངས་པ་ཡིན་ཞེས་དྲིས་པ་དང་།




iiif viewer powered by OpenSeadragon

342a - 343a

Texts on this page

F140 - mun gyi nags tshal gyi sgo zhes bya ba'i mdo