| e-texts navigator |
| Wylie |
342a1 ལ་བཀའ་སྩལ་པ། དགེ་སློང་དག་ནམ་འཆི་བར་ངེས་པའི་དུས་ཀྱི་མེ། དགེ་སློང་དག་གིས་འདུ་ཤེས་བཅུ་གཅིག
342a2 མངོན་དུ་བྱའོ།། བཅུ་གཅིག་གང་ཞེ་ན། ཚེ་འདི་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། འཁོན་དུ་འཛིན་པ
342a3 ཐམས་ཅད་ཡོངས་སུ་འདོར་བའི་འདུ་ཤེས་དང་། འཆལ་པའི་ཚུལ་ཁྲིམས་ཐམས་ཅད་ཡང་དག་པ་བཤགས་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཐམས་ཅད་ལ
342a4 ཡང་དག་པར་བླང་བའི་འདུ་ཤེས་དང་། ཉེས་བྱས་ཆེན་པོ་དག་ལ་ཡང་བ་སྤང་བའི་འདུ་ཤེས་དང་། དགེ་བའི་རྩ་བ་ཆུ་དུ་ལ་ཡང་ཆེན་པོའི་འདུ་ཤེས་དང་། འཇིག
342a5 རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས
342a6 དང་། མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་མང་དུ་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ།
342a7 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ།། བཅོམ་ལྡན་འདས་ཀྱིས་ཞལ་ཆེམས།
342a8 རྫོགས་སོ།། རྒྱ་གར་སྐད་དུ། དྷུ་མྲ་པ་ནཾས་མུ་ཁ་ན་མ་སཱུ་ཏྲ། བོད་སྐད་དུ། མུན་གྱི་ནགས