| e-texts navigator |
| Wylie |
341b1 སེམས་ཀུན་ནས་ལྡང་བ་མེད་པར་དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི། ཡིད་ལ་བྱེད་པ་བཞིན་དུ། སླད་ཀྱིས་ཀྱང་བདག་གིས
341b2 བཅོམ་ལྡན་འདས་ཀྱི། ཞལ་མཐོང་བར་གྱུར་ཅིག་ཅེས་ཚིགས་དུ་སྨྲས་ནས། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཟད་ནས
341b3 སོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལི་ཙ་བྱེའི་བུ་རྩལ་རབ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷ་དང་། མི་དང་། ལྷ་མ་ཡིན
341b4 དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ
341b5 ཐེག་པ་ཆེན་པོའི་མདོ།། །། རྫོགས་སོ།། རྒྱ་གར་གྱི་མཁན་པོ།། སུ་རེན་དྲ་བོ་དེ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ
341b6 རྒྱ་གར་སྐད་དུ། ཨེ་ཀད་ཤ་སཾ་ཛཱ་ནིར་དེ་ཤ་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུ་ཤེས་བཅུ
341b7 གཅིག་བསྟན་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྩ་མཆོག་གི་གྲོང་ཁྱེར་ན
341b8 གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་དྲུང་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས