| e-texts navigator |
| Wylie |
340a1 ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་དཔལ་འབར
340a2 ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་དགོངས་པ་དྲག་པའི་དཔལ་ཞེས་བྱ་བ་བཞུག
340a3 སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྡོ་རྗེ་གྲགས་པའི་དགའ་བ་ཅན་ཞེས་བྱ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
340a4 པའི་སངས་རྒྱས་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་ལེགས
340a5 པར་རབ་ཏུ་གཟུང་བར་བྱའོ།། ཀུན་ཆུབ་པར་བྱའོ།། བཅང་བར་བྱའོ།། རྩལ་རབ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ནི་ཡོན་ཏན་མཉམ་པ་དང་ལྡན་མོད་ཀྱི།
340a6 འོན་ཀྱང་རྩལ་རབ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པ་སྟེ། སྙིགས་མ་རྣམས
340a7 དང་། བྲལ་བ་ཡིན་ནོ།། རྩལ་རབ་ཁྱོད་ཀྱིས་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་བླངས་ནས
340a8 འཛིན་ན། དེས་ཡོན་ཏན་གྱི་ཁྱད་པར་དེ་དག་དང་། གཞན་དག་དུ་ཡང་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་ནི་སྔོན་གྱི་སྨོན་ལམ་གྱི་ཡོན