| e-texts navigator |
| Wylie |
329a1 གཉེན་འཚམས་མང་བའི་བར་སྔ་མ་བཞིན་ནོ།། དེའི་ལོངས་སྤྱོད་གང་དག་བརྩོན་འགྲུས་བརྩམས་པས་ཐོབ་པ་ལག་མཐུས་བསྒྲུབས་པ། རྡུལ
329a2 ཅིང་དྲི་མ་ཆགས་ཆགསུ་བསྒྲུབས་པ། ཆོས་དང་ལྡན་པ། ཆོས་ཀྱིས་ཐོབ་པ་དེ་དག་ལ་ཡང་རྒྱལ་པོ་འམ། རྐུན་པོ་འམ། མེ་འམ་ཆུ་འམ། མི་འཛའ་བ་བགོ་སྐལ་ལ་སྤྱོད་པ་འམ།
329a3 གང་ལས་ཀྱང་བར་ཆད་མི་འབྱུང་བ་ཡིན་ཏེ། གཞན་ལ་མི་གནོད་པར་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ
329a4 སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། འདི་ལྟར་སྤེན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། དད་ཅིགས་པར་བྱས་ཏེ་རང་གི་ལག་པ་ནས། དུས་སུ
329a5 གནོད་པ་མེད་པར་མཁས་པས་སྦྱིན་པ་བྱེད། སྦྱིན་པ་རྒྱ་ཆེ་བ་དང་ཆེན་པོ་འདིར་བྱིན་ནས། ཀུན་བགོད་བྱེད་པ་དེ་ནི། བཟང་འགྲོར་འགྲོ་བ་ཡིན། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
329a6 བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྐྱེས་བུ་དམ་པའི་མདོ་རྫོགས་སོ།། །
329a7 རྒྱ་གར་གྱི་མཁན་པོ་དར་མ་ཀ་ར་དང་། ལོ་ཙཱ་བ་བན་དེ་བཟང་སྐྱོང་གིས་བསྒྱུར་ཅིང་བན་དེ་དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས།། @རྒྱ་གར་སྐད་དུ།
329a8 ཤཱི་ལ་སན་ཡུཀྵན་མ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པ་ཞེས་བྱ་བའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས