e-texts navigator
Collection
Volume
Page
Wylie

328a1 གཞན་དག་ལ་མི་གནོད་པར་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ།། དགེ་སློང་དག་དད་པས་སྦྱིན་པ་སྦྱིན་པའི་འབྲས་བུའི་རྣམ་པར་སྨིན་པ་འདོད
328a2 བས་བྱ་བ་གང་ཞེ་ན། དད་པས་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ཡིན། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་ཡིན། ནོར་གྱི་ཡོ་བྱད་མེང་བ་ཡིན། བདག་དབང་བའི་ལོངས
328a3 སྤྱོད་ཆེ་བ་ཡིན། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བའི་ཚོགས་མང་བ་ཡིན། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས
328a4 འཚེ་བ་མང་བ་ཡིན། མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་འཚམས་མང་བ་ཡིན་ཏེ། དགེ་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན
328a5 པ་དེ་ལྟ་བུར་འདོད་པ་བྱའོ།། དགེ་སློང་དག་གུས་པར་བྱས་ཏེ་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་འདོད་པར་བྱ་བ་གང་ཞེ་ན། གུས་པར་བྱས་ཏེ་སྦྱིན་པ་བྱིན་པས།
328a6 ཕྱུག་པོར་འགྱུར་བ་ཡིན། འཛའ་བོ་དང་། བློན་པོ་དང་། སྣག་གི་གཉེན་མཚམས་མང་བ་ཡིན། བའི་བར་སྔ་མ་བཞིན་ནོ།། བུ་དང་ཆུང་མ་དག་དང་། བྲན་དང་བྲན་མོ
328a7 དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། འཇའ་བོ་དང་། བློན་པོ་དང་། ཉེ་དང་། སྣག་གི་གཉེན་འཚམས་དག་གིས་ཀྱང་གུས་པར་བྱས་པར་འགྱུར་བ་ཡིན
328a8 ཏེ། དགེ་སློང་དག་གུས་པར་བྱས་ཏེ། སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་འདོད་པར་བྱའོ།། དགེ་སློང་དག་རང་གི་ལག་པ་ནས་སྦྱིན་པ་བྱིན་པའི་འབྲས




iiif viewer powered by OpenSeadragon

327b - 328b

Texts on this page

F135 - 'phags pa skyes bu dam pa'i mdo