| e-texts navigator |
| Wylie |
325a1 སྐྱེ་བ་དེ་གཞི་དེ་ལས་བསོད་ནམས་མང་དུ་སོགས་སྙམ་འམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ
325a2 མང་ལགས་སོ།། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བདེ་བར་གཤེགས་པའི་ཡུལ་ལོ།། བདེ་བར་གཤེགས
325a3 པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ལོ།། བཀའ་སྩལ་པ། ཤ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་དང་། ཆོས་དང་། དགེ་སློང་གི
325a4 དགེ་འདུན་ལ་སྐབས་སུ་སོང་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་།
325a5 རྒྱུ་དང་། བགྲང་བར་ཡང་ཉེ་བར་མི་འགྲོའོ།། དེ་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས། རབ་ཏུ་གཡོས།
325a6 ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེགོ། དེའི་ཚེ་དེར་གློག་གི་རྒྱུན་ཆེན་པོ་བྱུང་ངོ་།། ལྷ་རྣམས
325a7 ཀྱིས་ཀྱང་རྔ་སྒྲ་སྒྲགས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང
325a8 ཅི་ལགས། ཅི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱེད་ཀྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས་པས་སྒྲུབ་པ།