e-texts navigator
Collection
Volume
Page
Wylie

324b1 སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུས་པ་ལེགས་སོ་ལེགས་སོ།། གང་ཁྱོད་དེ་བཞིན་གཤེགས་པའི་སྤྱན་སྔར་འོངས་ཏེ།
324b2 དོན་འདི་ཡོངས་སུ་ཞུ་བར་སེམས་པ་དེ་ནི་ཤ་རིའི་བུ་དོན་དེ་ཉིད་རྣམ་པར་ཤེས་པར་བྱ་བའི་ཕྱིར་དཔེས་བསྟན་པར་བྱ་སྟེ། སྐྱེས་བུ་གང་ཟག་ཞིག་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ
324b3 དང་ལྡན་པར་གྱུར་པས་གང་འདི་འཇམ་བུའི་གླིང་དང་ཉེ་བའི་གླིང་ཞེང་དང་སྲིད་དུ་དཔག་ཚད་བདུན་སྟོང་ཡོད་པའི་འཛམ་བུའི་གླིང་དེ་ན་གང་སྲོག་ཆགས་གནས་པ་དེ་དག་འཇིག
324b4 རྟེན་གྱི་ཁམས་གཞན་དུ་དཀོད་དེ། ལག་འཐིལ་ལྟར་མཉམ་པར་བྱས་པ་རིན་པོ་ཆེ་སྣ་བདུན་ལ་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་དང་།
324b5 མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། སྤུག་རྣམས་ལས་འཛམ་བུའི་གླིང་ཙམ་གྱི་མཆོད་རྟེན་སྲིད་དུ་ཚངས་པའི་འཇིག་རྟེན་གྱི་བར་ལུ་ཐུག་པར་རྩིགས་ཏེ། མཆོད་རྟེན
324b6 དེ་ལ་ལྷའི་སྤོས་དང་། ལྷའི་མེ་ཏོག་དང་། ལྷའི་ཕྲེང་བ་དང་། ལྷའི་གདུགས་དང་། རྒྱ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བྱས་ལ། དེ་ནས་སྐྱེས་བུ་དེ་རྫུ
324b7 འབྲལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས། གང་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་བྱོལ་ཏེ། མ་རུ་ཀའི་ཏིལ་མར་གྱིས་རྒྱ་མཚོ་ཆེན་པོ
324b8 བཞི་ལྟར་བཀང་བའི་ནང་དུ་སྙིང་པོ་རི་རབ་ཙམ་བཙུགས་ལ། བསྐལ་པ་མང་པོའི་མཐའ་ཇི་སྲིད་པར་མར་མེའི་རྒྱུན་མི་འཆད་པར་བུས་ན། ཤ་རིའི་བུ་དེ་ཇི་སྙམ་དུ་སེམས།




iiif viewer powered by OpenSeadragon

324a - 325a

Texts on this page

F133 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo