| e-texts navigator |
| Wylie |
324a1 ཚེ་དང་ལྡན་པ་ཤ་རིའི་བུ་གཅིག་པུ་དབེན་པར་འདུག་པ་དང་། སེམས་ཀྱིས་སེམས་ཀྱི་ཡོངས་རྟོག་པ་འདི་ལྟ་བུ་སྐྱེས་སོ།། སྟོན་པ་ནི་བདག་གི།
324a2 མངོན་སུམ་དུ་གྱུར་ན། བདེ་བར་གཤེགས་པ་ཆོས་ཀྱི་རྗེའི་སྤྱན་སྔར་བདག་སོང་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས་དང་ཆོས་དང་། དགེ
324a3 སློང་གི་དགེ་འདུན་ལ་སྐྱབས་སུ་སོང་བའི་གང་ཟག་དེའི་བསོད་ནམས་ཇི་སྙེད་ཅིག་སོགས་པར་འགྱུར་བའི་དོན་དེ་ཞུ་བར་བྱའོ་སེམས་སོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུ་ཕྱི་གྲོད
324a4 ཀྱི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
324a5 ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ཅིག་པུ་དབེན་པར
324a6 མཆིས་ཏེ། ནང་དུ་ཡང་དག་པར་འཇོག་ལ་མཆིས་པ་ན། སེམས་ཀྱིས་སེམས་ཀྱི་ཡོངསུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་ག
324a7 ལ་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིས་པའི་གང་ཟག་དེའི་བསོད་ནམས་ཅི་སྙེད་ཅིག་སོགས་པར་འགྱུར་སྙམ་བགྱིད་ལགས་སོ།། དེ་སྐད་ཅེས་གསོལ།
324a8 ཁ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤ་རིའི་བུ་ཁྱོད་སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་རྩེ་བ་དང་།
324a9 སྐྱེ་བོ་མང་པོ་ལ་ཕན་པ་དང་།