| e-texts navigator |
| Wylie |
323a1 ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ནས། མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ།། གནས་འཇོག་གང་མི་རྣམས་ཀྱི་ལོ་སྟོང་ཕྲག་བཅུ
323a2 དྲུག་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅཝོ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལེ་གཅིག
323a3 སྟེ། ལོར་བརྩིས་པའི་ཚུལ་དེས་ལྷའི་ལོ་ཁྲི་དྲུག་སྟོང་ཡོད་པ་ཡང་གང་ཡིན་པ་དེ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།། མིའི་ཚུལ་གྱིས་བརྩིས་ན་ལོ་བྱེ་བ
323a4 ཕྲག་དགུ་རྒྱ་ཉི་ཤུ་རྩ་གཅིག་དང་། ལོ་བརྒྱ་ཕྲག་སྟོང་དྲུག་བཅུ་ཡོད་དེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན
323a5 པའི་བསྙེན་གནས་ལ་ལན་གཅིག་གནས་པ་ནི་ལུས་དང་བྲལ་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལ
323a6 དགོངས་ནས་ལྷའི་བདེ་བ་ལ་བརྟེན་ནས། མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ།། གནས་འཇོག་ཁྱོད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས
323a7 དེ་ལ་ཉེ་བར་གནས་པར་གྱིས་ཤིག། ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབས་ཤིག། ལྷ་དང་མི་རྣམས་ཀྱི་འདོད་པ་ལ་ཡང་སྤྱད་པར་གྱིས་ཤིག། དེ་ནས་བཅོམ་ལྡན
323a8 འདས་ལ་བྲམ་ཟེ་གནས་འཇོག་གིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀོའུ་ཏམ་བདག་གིས་ནི་ཡུན་རིང་ཞིགནས། དགུང་ཟླ་རེ་རེར་དཀའ་ཐུབ་དྲག་པོ་སྐུ་སྦྱོར་བགྱིས་པ་ནི།