| e-texts navigator |
| Wylie |
321b1 པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ནར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང
321b2 བར་མི་འགྲོ་སྟེ། གནས་འཇོག་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ནི་དེ་ལྟར་འབྲས་བུ་ཆེ་བ་ཡིན། དེ་ལྟར་ཕན་ཡོན་ཆེ་བ་ཡིན། དེ་ལྟར་མཐུ་ཆེ་བ་ཡིན།
321b3 དེ་ལྟར་རྒྱ་ཆེ་བ་ཡིན་ནོ།། གནས་མཆོག་འོན་ཀྱང་ལྷའི་བདེ་བ་ལ་བརྟེན་ན། མིའི་རྒྱལ་སྲིད་དམན་ཏེ། གང་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག
321b4 གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅཝོ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་གང་ཡིན
321b5 པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།། མིའི་ཚུལ་གྱིས་བརྩིས་ན། ལོ་བརྒྱ་ཕྲག་དགུ་སྟོང་ཡོད་དེ། གནས་འཇོག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དད
321b6 པ་དང་ལྡན་པ། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ནི་ལུས་དང་བྲལ་ནས། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་བསྐལ་པ
321b7 མཉམ་པར་སྐྱེ་བ་དེ་ནི་གནས་ཏེ། གནས་འཇོག་ངས་འདི་ལ་དགོངས་ནས་ལྷའི་བདེ་བ་ལ་བསྟེན་ན། མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ།། མི་རྣམས་ཀྱི་ལེ་བརྒྱ་ལ་སུམ
321b8 བཅུ་རྩ་གསུམ་པ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཆད་དེའི་ཞག་བཅོ་ལྔ་ལ་ཟླ་བ་བྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ།