| e-texts navigator |
| Wylie |
321a1 བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་རྣམས་ཀྱིས་གང་བར
321a2 གྱུར་པ། དེ་དག་ལ་གང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཅིག་གིས་ཇི་སྲིད་འཚོའི་བར་ད། འདི་ལྟ་སྟེ། ཡུལ་ཆེན་པོ་བཅུ་དྲུག་ལ། ཨང་ག་དང་། མ་ག་དྷ་དང་། གཱ་ཤི་དང་།
321a3 བྲི་ཛི་དང་། མལ་ཆ་དང་། པུན་དྲ་དང་། སྲེག་པ་དང་། ཀ་མཱ་དང་། ཨ་བན་ཏི་དང་། ཀུ་རུ་དང་། ལྔ་ལེན་དང་། བད་ས་དང་། དཔའ་སྡེ་དང་། ཡབ་ན་དང་། ཀམ་པོ་རྣམས་སུ་འདི
321a4 ལྔ་སྟེ། རིན་པོ་ཆེ་རྡོ་རྗེ་དང་། མར་རྒད་དང་། པད་མ་ར་ག་དང་། ཨན་ད་རྙིལ་དང་། ཟོན་ཀ་ཆེན་པོ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དུརྱ་དང་། ཤང་ཀ་ཤི་ལ་དང་།
321a5 བྱེ་རུ་དང་། དངུལ་དང་ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། སྦག་དང་། མུ་ཏིག་དམར་པོ་དང་། དུང་གཡས་སུ་འཁྱིལ་པ་རྣམས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པས། གང་གཉིས
321a6 པས་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་རྟུལ་ཞིང་དྲི་མ་ཆགས་ཆགསུ་ལག་མཐུས་སྒྲུབས། ཆོས་དང་ལྡན་ཞིང་ཆོས་ཀྱིས་འཐོབ་པ་དེ་དག་དང་།
321a7 ཡོ་བྱད་ཆོས་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་གསོས་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས། གང་གཉིས་པས་འཕགས་པའི་ལམ་ཡན་ལག་བརྒྱད་དང
321a8 ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ལ། སྔ་མ་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེས་ནི། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ལ་གནས།