e-texts navigator
Collection
Volume
Page
Wylie

320a1 \ུ0f7fམོ་ཞེས་ཆུ་འམ། ཆུ་བུམ་པ་བགྱི་འམ། ཆུ་བུམ་པ་སྟོང་ངམ། ཆུ་བུཾ་བ་བརྒྱ་སྟོང་ཞེས་ཚད་བཟུང་བར་མི་ནུས་ཏེ། འོན་ཀྱང་ཆུ་མང་ཞིང་ཆུ་ཀླུང་ཆེའོ་ཞེས་བྱ་བའི།
320a2 གྲངས་སུ་འགྲོའོ།། གནས་འཇོག་དེ་བཞིན་དུ། འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ཙམ
320a3 མོ་ཞེས་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུ་འམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་བཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་མང་པོ་ཞེས་བྱ་བའི
320a4 གྲངས་སུ་འགྲོའོ།། གནས་འཇོག་དེ་ཇི་སྙམ་དུ་སེམས། གང་ཞིག་རྒྱ་མཚོ་ཆེན་པོ་ནི་འདི་ཙམ་སྟེ། ཆུ་འམ། ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ། ཆུ་བྲི་པ་བརྒྱ་སྟོང་ཡོད
320a5 ཅེས་ཚད་བཟུང་བར་ནུས་པ་ཡོད་དམ། གནས་མཆོག་གིས་གསོལ་པ། ཀོའུ་ཏ་མ་ལྔ་ལ་རྒྱ་མཚོ་ཆེན་པོའི་ཆུ་ནི་འདི་ཙམ་སྟེ། ཆུ་འམ་ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ།
320a6 ཆུ་བུམ་པ་བརྒྱ་སྟོང་ཞེས་ཚད་བཟུང་བར་དེ་ནི་གནས་མ་མཆིས་ཏེ། སྐབས་མ་ལགས་སོ།། ཀོའུ་ཏ་མ་དེ་ཅིའི་སླད་ཞེ་ན། ཆུ་ཀླུང་དེ་ནི་ཚད་བཟུང་དུ་མ་མཆིས་པའི་སླད་དུའོ།།
320a7 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་དེ་བསྟན་པ་གོ་བར་བྱ་སྟེ། གང་ཞིག་གང་གི་ཚེ། ཐབས་ལ་མཁས་པ་གང་གིས་རྒྱ་མཚོ་ཆེན་པོའི་ཆུ་འདི་ཙམ་སྟེ། ཆུའམ།
320a8 ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ། ཆུ་བུམ་པ་བརྒྱ་སྟོང་ཞེས་ཚད་གཟུང་བར་ནུས་པ་ཡོད་སྲིད་ཀྱི། གང་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས




iiif viewer powered by OpenSeadragon

319b - 320b

Texts on this page

F132 - 'phags pa gnas 'jog pa'i mdo zhes bya ba