| e-texts navigator |
| Wylie |
319b1 དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པ་དེ་བཞིན་དུ། བདག་ཆེགེ་མོ་ཡང་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉིས་ཤར་གྱི་བར་དུ་དུས་མ་ཡིན་པའི་ཁ་ཟས
319b2 སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ།། ཡན་ལག་བརྒྱད་དང་ལྡན་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསློབ་བོ།།
319b3 རྗེས་སུ་སྒྲུབ་པོ།། རྗེས་སུ་བགྱིད་དོ།། དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུའོ།། གནས་མཆོག་འདི་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ཡིན་ཏེ།
319b4 དེ་ལྟར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་ནི། ལྷ་དང་མིའི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར་ཏེ། གནས་འཇོག་ཁྱོད་འཕགས་པའི་ཡན་ལག
319b5 བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་གྱིས་ཤིག། ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབས་ཤིག། ལྷ་དང་མི་རྣམས་ཀྱི་འདོད་པ་ཡང་སྤྱོད་པར་གྱིས་ཤིག།
319b6 གནས་འཇོག་ཇི་ལྟར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་དེའི་བསོད་ནམས་འདི་ཙམ་མོ་ཞེས་བསོད་ནམས
319b7 སམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་བཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་ཀྱི་ཕུང་པོ་མང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ།། གནས་འཇོག་དཔེར
319b8 ན་ཆུ་བོ་ཆེན་པོ་ལྔ་གཅིག་ཏུ་གཞོལ་བར་འབབ་པ་ནི། འདི་ལྟ་སྟེ། གང་ག་དང་། ཡ་མུན་དང་། མཚོ་ལྡན་དང་། ཁྱིམ་ལྡན་དང་། ས་སྟེ་དང་། ཆུ་དེ་དག་ལ་འདི་ཙམ