e-texts navigator
Collection
Volume
Page
Wylie

318b1 གྱི་ཕྱོགས་ལ་ནན་ཏན་གྱིས་བསྒྲུབ་པ་དེ་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་དེ་ནི་ལྷ་དང་མི་རྣམས་ཀྱི་འདོད་པ་ལ་སྤྱོད་པར་འགྱུར་རོ།། གནས་འཇོག་གིས
318b2 གསོལ་པ། ཀོའུ་ཏ་མ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ཤེས་བགྱི་བ་དེ་གང་ལགས། ཀོའུ་ཏ་མ་ཇི་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད
318b3 དང་ལྡན་པ་ལ་བསྙེན་པས། ལྷ་དང་མི་རྣམས་ཀྱི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར། གནས་འཇོག་རིག་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ། འཕགས་པའི་ལམ་ཡན
318b4 ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་འདོད་པས། ནང་པར་ལངས་ནས་དགེ་སློང་ངམ། བྲམ་ཟེ་འམ། གཞན་གང་ཡང་རུང་བ་ཤེས་པ་ཞིག་གི་དྲུང་དུ་སོང་སྟེ། བླ་གོས
318b5 བྲག་པ་གཅིག་ཏུ་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས། ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས
318b6 བཟུང་སྟེ། གང་དྲོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་ཤར་གྱི་བར་དུ། སྲོག་གཅོད་པ་སྤོང་ཞིང་། སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབུགས་པ་སྤངས་ཤིང་མཚོན
318b7 ཆ་སྤངས་སྟེ། ངོན་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ། སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན། སྲེག་ཆགས་བྲ་མོ་གྲོག་སྦྱར་ཡན་ཆད
318b8 ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ། སྲོག་གཅོད་པ་ལས་སྲར་ལྡོག་པར་བགྱིའོ།། ཇི་ལུར་འཕགས་པ་དགྲ་བཅོས་པ་དེ་དག་ཛ་སྲིད་འཚེའ་བར་དུ་སྲོག་བཟོད་པ་སྤང་། སྲོག




iiif viewer powered by OpenSeadragon

318a - 319a

Texts on this page

F132 - 'phags pa gnas 'jog pa'i mdo zhes bya ba