e-texts navigator
Collection
Volume
Page
Wylie

318a1 @མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི།
318a2 གནས་ན་ཤིང་ནྱ་ཀྲོ་དའི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་དྲང་སྲོང་ཆེན་པོ་སེར་སྐྱ། ཉིན་རེ་ཞིང་རྐང་པས་འགྲོ་ལ་འཆག་ཅིང་རྗེས་སུ་འཆག་པ། བཅོམ་ལྡན་འདས་ག་ལ་བ
318a3 དེར་ཆེད་དུ་སོང་སྟེ། བཅོམ་ལྡན་འདས་དང་ཡང་དག་པར་དགའ་བ་དང་ཡང་དག་པར་སྙན་པའི་གཏམ་རྣམ་པ་སྣ་ཚོགས་དག་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ།། བྲམ་ཟེ་གནས
318a4 མཆོག་ཕྱོགས་གཅིག་ཏུ་འདུག་པར་བཅོམ་ལྡན་འདས་ཀྱིས་མཁྱེན་ནས། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གནས་མཆོག་ཁྱོད་ཅིའི་ཕྱིར་འདི་ལྟར་སྐེམ་ཞིང་མདོག་མི་སྡུག།
318a5 ཨ་ག་ཅོམ་དང་། སྐྲ་དང་། སེན་མོ་དང་། སྤུ་རིང་ཞིང་ལུས་རྩུབ་ལ་བཅོམ་ཆུང་ངུར་སྨྲ་བ། གནས་འཇོག་གིས་གསོལ་པ། ཀོའུ་ཏ་མ་བདག་ནི་དགུང་སླར་བསྙུང་བ་བགྱིད་པས།
318a6 འདི་ལྟར་སྐེམ་ཞིང་མདོག་ངན་པ། ཨག་ཙོམ་དང་། སྐྲ་དང་། སེན་མོ་དང་། སྤུ་རིང་ཞིང་ལུས་རྩུབ་ལ་བཅོམ་ཆུང་ངུར་སྨྲ་བ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན
318a7 བཞིན་དུ། དྲང་སྲོང་གནས་འཇོག་ལ་སྨྲས་པ། གནས་འཇོག་ཁྱོད་འཕགས་པའི་ལམ་ཡན་ལག་བརྒྱད་དང་། ལྡན་པའི་བསྙེན་གནས་ལ་གནས་ཤིང་། ཆོ་འཕྲུལ་གྱི་ཕྱོགས
318a8 ལ་ཡང་ནན་ཏན་གྱིས་སྒྲུབ་འམ། གནས་འཇོག་གིས་གསོལ་པ། ཀྱེ་ཀོའུ་ཏ་མ་གང་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་དང་། ཆོ་འཕྲུལ




iiif viewer powered by OpenSeadragon

317b - 318b

Texts on this page

F132 - 'phags pa gnas 'jog pa'i mdo zhes bya ba