| e-texts navigator |
| Wylie |
305a1 བཤད་དོ།། ཀུན་དགའ་བོ་འཇམ་བུ་གླིང་གི་གླིང་ནི་ཆུར་དཔག་ཚད་བདུན་སྟོང་། རྒྱར་ཡང་དཔག་ཚད་བདུན་སྤོང་། བྱང་དུ་ནི་ཁ་དེ་ཆེན
305a2 ཆེ་བ། ལྷོ་ནི་སོགས་ཀར་འདུག་པ་སྟེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གི། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་།
305a3 ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་ལས།
305a4 གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས
305a5 ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུགས་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཉུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག
305a6 ན་དེ་ནི། དེ་བས་ཆེས་བསོད་ནམས་ཆེའོ།། ཞེས་ང་སྨྲའོ།། ཀུན་དགའ་བོ།། འཛམ་བུའི་གླིང་ལྷ་ཞོག་གོ།། ཀུན་དགའ་བོ་ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཡོད་དེ།
305a7 ཆུར་ནི་དཔག་ཚད་བརྒྱད་སྟོང་། རྒྱར་ཡང་དཔག་ཚད་བརྒྱད་སྟོང་། ཀུན་ནས་བླ་གབ་ལྟར་གྲུབ་པ་དེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གི་རིན་པོ་ཆེ
305a8 སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་།