e-texts navigator
Collection
Volume
Page
Wylie

304b1 འདི་ལྟ་བུ་བགྱིས་ཏེ།། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དང་། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས
304b2 པའི་མཆོད་རྟེན་འཇིམ་པ་ལས་སྒྱུར་རུ་རིའི་འབྲས་བུ་ཙམ་བགྱིས་ལ། ཁབ་པ་ཙམ་གྱི་སྲོག་ཤིང་བརྩུགས་ཏེ། རྒྱ་ཤུགས་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ
304b3 ཙམ་སྐུ་གཟུགས་བགྱིས་ལ་ཡུངས་བྲུ་ཙམ་གྱི་རིང་བསྲེལ་བཅུག་ན། དེ་གཉིས་ལས་བསོད་ནམས་ཤིན་ཏུ་ཆེ་བ་གང་ལགས་སྙམ་མོ།། བདག་གིས་ཡང་འདི་སྙམ་དུ་བསམས་ཏེ།
304b4 སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར། བདེ་བར་གཤེགས་ནི་བདག་གི་མངོན་སུམ་དུ་གྱུར་གྱིས།། བཅོམ་ལྡན་འདས་ལ་བདག་གིས་དོན་འདི་ཉིད་གསོལ་ཏེ། བཅོམ་ལྡན་འདས
304b5 ཀྱིས་བདག་ལ་ཇི་སྐད་བསྟན་པ་བཞིན་དུ་བཟུང་བར་བགྱི་སྙམ་ནས། བཅོམ་ལྡན་འདས་ལ་བདག་དོན་འདི་ཉིད་ཞུ་བ་ལགས་ན་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བཅོམ་ལྡན་འདས
304b6 ཀྱིས། བདག་ལ་དོན་འདི་ཉིད་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། །
304b7 ཀུན་དགའ་བོ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་ནས། ལཱུ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་དོན
304b8 ཀྱི་ཕྱིར། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཉིད་འདྲི་བར་སེམས་པ་ནི་ལེགས་སོ།། ལེགས་སོ།། ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཟུང་ཤིག་དང་།




iiif viewer powered by OpenSeadragon

304a - 305a

Texts on this page

F129 - 'phags pa rmad du byung ba zhes bya ba chos kyi rnam grangs