| e-texts navigator |
| Wylie |
304a1 གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱིས་རིང་བསྲེལ་བཅུག་ན་དེ་གཉིས་ལ་དོང་ཆགས
304a2 བསོད་ནམས་ཆེ་ཤིན་ཏུ་ཆེ་བ་གང་ཡིན་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས་ཏེ། སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར། བདེ་བར་གཤེགས་པ་བདག་མངོན་སུམ་དུ་གྱུར་གྱིས།
304a3 བཅོམ་ལྡན་འདས་བདག་གིས་དོན་འདི་ཉིད་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཇི་སྐད་བསྟན་པ་བཞིན་དུ་བཟུང་བར་བྱའོ་སྙམ་མོ།། དེ་ནས་ཚེ་དང་བླ་ཀུན་དགའ་བོ་རྒྱལ་པོའི
304a4 ཁབ་དུ་བསོད་སྙོམས་བླངས་ཏེ། ཟས་ཀྱི་བྱ་བ་བྱས་ནས། བསོད་སྙོམས་ཀྱི་ཟས་ཕྱི་མ་སྤངས་ཏེ། ཆོས་གོས་དང་། ལྷུང་བཟེད་བཞག་ནས། རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས
304a5 ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འདུག་གོ། ཕྱོགས་ཅིག་ཏུ་འདུག་ནས་ཀྱང་། བཅོམ་ལྡན་འདས་ལ
304a6 ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་འདིར་སྔ་དྲོའི་དུས་ཀྱི་ཚེ། ཆོས་གོས་དང་། ཤམ་ཐབས་བགོས་ལྷུང་བཟེད་ཐོགས་ཏེ།
304a7 རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དེ་མཐར་ཆགས་སུ་བསོད་སྙོམས་སྤྱོད་པའི་ཚེ་ཕྱོགས་ཤིག་ན། ཁང་པ་བརྩེགས་པ་ཆག་སྒོ་བརྒྱད་བཅུ་མཆིས་ལ་བྱུག་པས་བྱུགས་པ། གདུག་དང་།
304a8 རྒྱལ་མཚན་དང་། བ་དན་བསྒྲེང་། དར་གྱིས་ལྔ་ལྡི་མང་པོ་སྦྱངས་པ་དག་མཐོང་ནས། འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་ཁང་པ་བརྩེགས་པ