| e-texts navigator |
| Wylie |
233b1 མཛའ་བཤེས་དང་། གཉེན་དང་། སྨག་གི་གཉེན་མཚམས་མང་པོར་འགྱུར་རོ།། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག
233b2 སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་གཟུགས་བཟང་བ་དང་། ལྟ་ན་སྡུག་པ་དང་། མཛེས་པ་དང་། མདོག་གསེར་ལྷར་བཟང་བ་དང་། མགོ།
233b3 གདུགས་ལྟར་ཟླུམ་པ་དང་། ལག་པ་རིང་བ་དང་། འབྲལ་བཱི་དབྱེས་ཆེ་བ་དང་། སྨིན་མཚམས་པར་མ་མཆད་པ་དང་། ཡན་ལག་དང་ཉིན་ལག་ཐམས་ཅད་དང་ལྡན
233b4 པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན
233b5 གསུམ་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་འཁོར་ལོ་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་ཆེ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར
233b6 འགྱུར་ཏེ། དེའི་བུ་འམ། ཆུང་མ་འམ། བྲན་ནམ་ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་། བཀའ་ཉན་པར་བྱེད་དེ། དགེ་སློང
233b7 དག་འདི་ནི། དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག། སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་དེ་ལུས་དང
233b8 བྲལ་ན། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས། ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་དང་།