| e-texts navigator |
| Wylie |
232b1 པ་དང་། བར་དེར་བཀའ་མཆིད་དེ་ལྟ་བུ་ཞིག་གླེངས་ཏེ། ཁྱེད་ཅག་ལ་བྲམ་ཟེའམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ། ཐོས་པ་བསགས་པ། དགེ་བ་ཇི་ལྟར་བགྱི།
232b2 ཞེས་ཚོལ་བ། དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱི་བར་སྤྲོས་པར་བསྐྱེད་པ་དག་གདའ་ལ། དེ་དག་གལ་ཏེ་བདག་གི་དྲུང་དུ་མཆིས་ནས། བཙུན་པ་དག་དེ་བཞིན
232b3 གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ནས། དེ་བཞིན་གཤེགས་པའི་གཟུགས
232b4 བརྙན་བགྱིད་པ་ལ། ཕན་ཡོན་ཅི་ཙམ་ཞིག་མཆིས་པ་བདག་ཅག་གིས་མ་འཚལ་ན། དེའི་ཚེ་དེ་དག་ལ། བདག་ཅག་གིས་ཇི་ལྟར་ཆོས་དང་མཐུན་པར་ལན་གདབ
232b5 བར་བགྱི། གང་དོན་དེ་དག་ཉིད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད
232b6 གཟིགས་པ། ཐེ་ཙོམ་ཐམས་ཅད་གཅོད་པར་མཛད་པ་སྟོན་པ་དེ་ལ་བདག་གིས་ཞུ་བར་བགྱིའོ།། འོན་ཏམ་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན་པར་མཛད་དེ།
232b7 བདག་ཅག་གིས་དེ་བཞིན་བཟུང་ནས། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་ལ། རྒྱ་ཆེར་ཕྱེས་སྟེ་ལན་གདབ་པར་བགྱིའོ།། སྙམ་བགྱིད་དེ། བཙུན་པ་བཅོམ
232b8 ལྡན་འདས་དོན་དེ་དག་ཉིད། བདག་ཅག་ཞུ་ཞིང་མཆིས་ནས། བཙུན་པ་དེ་བཞིན་གཤེགས་པ། གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ