e-texts navigator
Collection
Volume
Page
Wylie

22a1 རྒྱ་གར་སྐད་དུ། ཨཱརྱ་པྲ་མྦ་དད་ཏ་པ་རི་བྲིད་ཙཱ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ།། ། བོད་སྐད་དུ།། ། འཕགས་པ་ཚངས་པས་བྱིན་གྱིས་ཞུ
22a2 པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན
22a3 འདས་གཉེན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས
22a4 དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་མངོན་པར་ཤེས་པ། མངོན་པར་ཤེས་པའི་བྱང་ཆུབ་ཀྱི་སེམས་དཔའ་མངོན་པར་ཤེས་པ་ཐོབ་པ། གཟུངས་ཐོབ་པ་ཏིང་ངེ་འཛིན
22a5 ཐོབ་པ། ཆགས་པ་མེད་པའི་གཟུངས་ཐོབ་པ། སྒོ་མཐའ་ཡས་པའི་ཕྱག་བརྒྱ་བསྒྲུབ་པའི་གཟུངས་ལ་མཁས་པ། སྟོང་པ་ཉིད་ལ་གནས་པ། མཚན་མེད་པ་སྤྱོད་པ།
22a6 མ་རྟོགས་པའི་སྨོན་ལམ་ཅན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད། བྱང་ཆུབ
22a7 སེམས་དཔའ་ལྔ་བརྒྱ་ཙམ་དང་། ལྡན་གཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས། མཐར་གྱིས་ལྗོངས་རྒྱུ་ཞིང་སེང
22a8 བ་ལས། ལྔ་འཛིན་གྱི་ལྗོངསུ་ཕྱིན་ཏེ་དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་བདག་གིས་ཡུལ་འདིར་ཕྱིན་ཏོ་ཞེས་སྙམ་ནས། དེ་ཚིམ




iiif viewer powered by OpenSeadragon

21b - 22b

Texts on this page

F113 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo