| e-texts navigator |
| Wylie |
228a1 ཁྱེད་དེ་སྐད་ཟེར་ཞེས་ནོར་བ་གཞན་ལ་སྒྲོགས་པར་འགྱུར་རོ།། བདག་ཉིད་ལས་མ་གཏོགས་པ་གཞན་གྱིས་མ་ཤེས
228a2 ན་ཅི་མ་རུང་སྙམ་པར་འགྱུར་རོ།། བྱང་ཆུབ་ཕྱིར་ཡིན་གྱི། ཟང་ཟིང་གི་ཕྱིར་སྒྲོགས་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་བ་དང་། འཇམ་དཔལ་གྱིས་ཡང
228a3 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ལ་རྟག་པའི་ཐབས་ལྔ་པོ་འདི་དག་ཆོས་ཀྱི་གཞི་གཅིག་པ་ལས། ཐ་དད་པར་འགྱུར་ན། ཆོས་ཀྱི་གཞི་དེ་དག
228a4 ནི་གང་ལགས། དེ་ལ་ཇི་ལྟར་བརྟག་ན་ནི་འཁྲུལ་པ་ལགས། དེའི་མ་ནོར་བའི་ངོ་བོ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ
228a5 གཞི་ནི་ཕུང་པོ་རྣམས་སོ།། འབྱུང་བ་རྣམསོ།། ཁམས་དང་སྐྱེ་མཆེད་རྣམས་སོ།། དེ་དག་སྒྱུ་མ་བཞིན་དུ་ཐ་སྙད་རྩམ་དུ་སྣང་བ་ལས། རྟག་པ་དང་། ཐེར་ཟུག་ཏུ།
228a6 བཟུང་ན་འཁྲུལ་པ་ཡིན་ནོ།། རང་བཞིན་སྐྱེ་བ་མེད་པ་ལས། དངོས་པོ་ཐ་སྲད་དུ་སྣང་བ་བསལ་ནས། མེད་པར་བརྟགས་ན་ཡང་འཁྲུལ་པ་ཡིན་ནོ།། དེའི་གཞི་མ་ནོར
228a7 བའི་རང་གི་ངོ་བོ་ནི། ཆོས་དེ་དག་གི། རང་བཞིན་སྐྱེ་བ་མེད་པ་ཡིན་ནོ།། གསོལ་པ་འོ་ན་ཡུལ་འཁྲུལ་པའི་གཞི་མ་མཆིས་ན། ཡུལ་འཁྲུལ་སྣང་ཞེས་བྱ
228a8 བ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཆོས་སྒྱུ་མ་བཞིན་ཐ་སྙད་ཙམ་དུ་སྣང་ཞིང་ཡོད་དེ། སེམས་འཁྲུལ་པས་ནི་མི་གཟུང་གི། ཆོས་དེ་དག་གི་རང་བཞིན་སྐྱེ