| e-texts navigator |
| Wylie |
227b1 འཇམ་དཔལ་དམྱ་ངན་ལས་འདས་ནས། ལོ་ལྔ་བརྒྱ་དང་། དགུ་བརྒྱ་དང་། སྟོང་དགུ་བརྒྱ་དང་། ཉིས་སྟོས་དང་། ཉིས་སྟོང་ལྔས་བརྒྱའི་བར་དུ་ཆོས་ལ་བརྟག
227b2 པའི་ཐབས་ལྔ་པོ་འདི་དག་ལས་སོ་སོར་རྟོགས་པའི་གང་ཟག་རིམ་པར་འབྱུང་བར་འགྱུར་རོ།། འཇམ་དཔལ་ཁྱོད་འདི་སྐད་དུ། ཆོས་ལ་བརྟག་པའི་ཐབས་ལྔ
227b3 པོ་འདི་དག་ལ་སློབ་པའི་གང་ཟག་རྣམས་དོན་ལགས་པ་དང་། མ་ལགས་པར་རྩོད་པར་མི་འགྱུར་བ་ལགས་སམ། ཞེས་ཟེར་བ་ནི། མ་འོངས་པའི་དུས་ན་ང་མྱ་ངན
227b4 ལས་འདས་ནས་ལོ་ལྔ་བརྒྱན་རྩོད་པར་འགྱུར་ཏེ། དེའི་ཚེ་གང་ཟག་རྣམས་མོས་པ་དང་། ཤེས་རབ་ཆེ་ཆུང་གི་དབང་གིས། དོན་མ་ནོར་བར་རྟོགས་མ་རྟོགས་ཀྱི་བྱེ
227b5 བྲག་མེད་པར་བདག་ཉིད་ཀྱི་དོན་མ་ཡིན་པ་ལ་ཡིན་པར་ངེས་པར་བྱས་ཏེ། གཞན་གྱི་དོན་ཡིན་པར་ཡང་མ་ཡིན་པར་སྒྲགས་ནས་རྩོད་པར་འགྱུརརོ།། གཞན
227b6 དྲུང་ན་འཁོད་ཅིང་ཉན་པ་རྣམས་ཀྱིས་ཀྱང་། དོན་བཞིན་དུ་ཕྱོགས་འཛིན་པར་མི་བྱེད་ཀྱི་ཡུལ་གྱིས་བསྡུས་པ་དང་། གཉེན་གྱི་ཕྱིར་འཛིན་པར་འགྱུར་རོ།།
227b7 དོན་མ་ནོར་བར་ཤེས་པ་རྣམས་ཀྱིས་ཀྱང་། མི་ཤེས་པ་རྣམས་ལ་བསྟན་པར་བྱ་བའི་ཕྱིར། མི་རྩོད་ཀྱི་སྨ་དབབ་པ་དང་། ཤེས་གཅད་པའི་ཕྱིར་རྩོད་དེ།
227b8 ཁྱེད་ཀྱིས་དོན་གྱི་ངོ་བོ་ཇི་ལྟར་མཐོང་བ་སྨྲོས་ཞེས་དྲིས་ནས། དེས་སྨྲས་པ་དང་། དོན་དམ་ནོར་བ་ཡང་མདོ་སྡེ་གཞན་ལས་བརྩམས་ནས་སྨྲ་བར་འགྱུརོ།།