| e-texts navigator |
| Wylie |
226b1 འཛམ་བུའི་གླིང་དུ་ཉི་མ་འཆར་བ། དཔག་ཚད་བཞི་ཁྲིའི་ནམ་མཁའ་ལས་འཆར་བའི་ཚེ་མི་རྣམས་ཀྱིས་རང་གི་གྲོང་ཁྱེར་དང་། རི་འདི་ལས་འཆར་བར་སོ་སོར་ནས
226b2 རྟོག་གོ། དེ་བཞིན་དུ་ད་ལྟར་གྱི་འཁོར་འདུས་པ་འདི་དག་གིས་ཆོས་ཀྱི་བཞི་གཅིག་ལས་སོ་སོར་རྟོག་གོ། སོ་སོར་མཐོང་ངོ་།། སོ་སོར་འཛིན་ཏོ།། འཇམ་དཔལ་རྣམ་པར
226b3 རྟོག་པའི་ཚེ་རང་གི་གྲོང་ཁྱེར་དང་། རི་ལས་མི་འཆར་བ་དེ་བཞིན་དུ་ཆོས་ལ་རྟག་པའི་ཐབས་འདི་དག་ཀྱང་ཡང་དག་པ་ཕྱིན་ཅི་མ་ལོག་པ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ
226b4 ལས་མ་རྟོགས་པར་གཞན་བཞི་པོ་དེ་བཞིན་དུ་སྣང་ངོ་།། འཇམ་དཔལ་རང་གི་གྲོང་ཁྱེར་དང་། རི་དེ་ལས་ཡང་དག་པར་འཆར་བ་མ་ཡིན་པ་དེ་བཞིན་དུ། བཞི་པོ་ནི་རྟོགས།
226b5 པའི་ཐབས་བློའི་རིམ་པ་ལ་དེ་ལྟ་བ་སྣང་ཏེ། དོན་ཡང་དག་པ་ཉིད་མ་ཡིན་ནོ།། འཇམ་དཔལ་བརྟགས་པ་ལྔ་པོ་འདི་དག་ལས་རྣམ་པར་གྲོལ་བ་མཚུངས་པར་འཐོབ་པའི
226b6 དཔེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བསྟན་ཏེ། རིན་པོ་ཆེ་དེ་ཡང་སེམས་ཅན་རྣམས་ཀྱིས་བསྟན་པའི་ལས་བྱས་པ་དང་མ་བྱས་པ་ཡོད་དེ། གང་ཟག་རྟོགས
226b7 བ་མེད་པ་དང་། ལོག་པར་རྟོག་པ་རྣམས་ནི། ཆོས་ལ་རྟོག་པའི་ཐབས་ལྔ་ལ་མི་བརྟེན་པ་སྟེ། རིན་པོ་ཆེ་སྟེན་པའི་ལས་མ་བྱས་པའི་གང་ཟག་གིས་རིན་པོ་ཆེ་མེ་རྙེད
226b8 པ་དང་། དགོས་པ་མི་འབྱུང་བ་དེ་བཞིན་དུ། དེ་དག་ལ་མི་སྤྱོད་མི་སེམས་པས། ཁམས་གསུམ་ལས་མི་ཐར་པ་ཡིན་ནོ།། བསྟེན་པའི་ལས་བྱས་པ་ནི་ཁྱད་པ།