e-texts navigator
Collection
Volume
Page
Wylie

226a1 པདེ་ཡིན་པའི་ཕྱིར་རོ།། འཇམ་དཔལ་ཡང་ཁ་ཅིག་ཡང་དག་པ་མ་ཡིན་པར་ཡང་བཟུང་སྟེ། སྦྱངས་པ་ཆུང་བ་མོས་པ་དམན་པ།
226a2 ཤེས་རབ་ཞན་པ་དག་གིས་རྟོགས་པའོ།། ཁ་གཅིག་སྦྱངས་པ་དང་། མོས་པ་དང་། ཤེས་རབ་འབྲིང་བ་རྣམས་ཀྱིས་རྟོགས་པའོ།། ལྷགས་མ་ནི་ཡང་དག་པ་ཏེ། མཆོག
226a3 ཏུ་གྱུར་པའི་རྟོག་པའོ།། འཇམ་དཔལ་ཁྱོད་འདི་སྐད་དུ། ཆོས་ལ་བརྟགས་པའི་ཐབས་ལྔ་པོ་འདི་དག་གིས་རྣམ་པར་གྲོལ་བ་ཐོབ་པར་ནི་མཚུངས་པ་ལགས་སམ
226a4 ཞེས་ཟེར་བ་ནི། ཤེས་རབ་མཆོག་ཏུ་གྱུར་པའི་རྟོགས་པ་ཡང་དག་པ་ལས། ལྷག་མ་བཞི་པོ་གཅིག་ལ་གཅིག་རྒྱུད་པའི་ཁྱད་པར་གྱིས་ཉེ་རིང་ཡོད་ཀྱང་རྣམ་པར
226a5 གྲོལ་བ་འཐོབ་པར་ནི་མཚུངས་པར་བལྟའོ།། འཇམ་དཔལ་ཁྱོད་འདི་སྐད་དུ། ཆོས་ལ་བརྟགས་པའི་ཐབས་ལྔ་པོ་འདི་དག་ལ་གང་ཟག་གི་རིགས་ནི་མཆིས་ལགས
226a6 སམ་ཞེས་ཟེར་བ་ནི། ཐེག་པ་ཆུང་ངུའི་རིགས་དང་། ཐེག་པ་ཆེན་པོའི་རིགས་གཉིས་ཀྱིས་ཆོས་ལ་བརྟགས་པའི་ཐབས་ཞིག་ལས་བརྒྱུད་རྣན་ས་ལྷག་མ་ཅིག་པུ་ཡང
226a7 དག་པ་ཕྱིན་ཅི་མ་ལོག་པ། སངས་རྒྱས་ཀྱི་སྤྱོད་ཡུལ་རྟོག་པར་བྱེད་དོ།། འཇམ་དཔལ་ཁྱོད་འདི་སྐད་དུ། ཆོས་ལ་རྟོག་པའི་ཐབས་ལྔ་པོ་འདི་དག་ལ་ཐ་དད་པར
226a8 སྣང་བའི་དཔེ་ནི་ཇི་ལྟར་ལགས་ཞེས་ཟེར་བ་ནི། ཆོས་ཀྱི་གཞི་ཅིག་ལས་ཐ་དད་པར་རྟོགས་པའི་དཔེ་ནི། འཛམ་བུའི་གླིང་དུ་ཉི་ས་ཤར་བས་སྟན་ཏེ། འཇམ་དཔལ




iiif viewer powered by OpenSeadragon

225b - 226b

Texts on this page

F125 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo