e-texts navigator
Collection
Volume
Page
Wylie

225b1 འབྱུང་བ་བཞི་དང་།
225b2 ལྔ་པོ་འདི་དག་ཐམས་ཅད་ཀྱང་ཡང་དག་པ་ཡིན་པར་ཡང་བཟུང་སྟེ། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ། ཡོད་པའི་ཆོས་སྟོན་ཏོ་སྨྲས་པ།
225b3 ཡང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེས་བྱས་པ་རྣམས་ནི་ཐ་སྙད་དུ་སྒྱུ་མ་བཞིན་དུ་ཡོད་པའི་ཕྱིར་རོ།། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ནི་སེམས་ཙམ་ལས
225b4 མ་གཏོགས་པ་གཞན་མེད་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་སྣ་ཚོག་སུ་འདོགས་པ་རྣམས་རྟག་ཏུ་ཐེར་ཟུར་ཏུ་བརྟགས་པའི་བགྲ
225b5 ཆགས་སེམས་ལ་གཞག་པའི་མཐུས་དུས་ཐམས་ཅད་དུ་བདག་དང་ཆོས་རྣམས་སུ་སྣང་བ་ཐ་སྙད་དུ་སྣང་ཡང་དོན་དུ་རང་བཞིན་མེད་དེ་སེམས་ཙམ་ལས་མེད་པའི
225b6 ཕྱིར་རོ།། ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པ་ཡིན་པར་བདག་ཅག་ལ་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལ་དབྱིངས་སམ
225b7 ཁ་དོག་གམ། དུས་གསུམ་འམ། མཐའ་དང་དབུས་མེད་པའི་ཕྱིར་རོ།། ཁ་ཅིག་གིས་ནི་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་སྣང་ཞིང་སྒྱུ་མ་བཞིན་དུ་མ་གྲུབ་པའི
225b8 ཆོས་སྟོན་ཏོ་སུམ་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྒྱུ་རྐྱེན་ལས་སྐྱེས་ཞིང་འབྱུང་བའི་ཕྱིར་རོ།། ཁ་གཅིག་ནི་ཆོས་ཐམས་ཅད་རང་བཞིན
225b9 གྱིས་མི་སྐྱེས་པ་ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་ཕྲ་བའི་རྟོག་པ་དང་རྟོག་པའི་ཡུལ་ལས་འདས་པ། ཐོག་མ་མེད་པའི
225b10 དུས་ནས་སྤྲོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པ་དེ་ཡིན་པའི




iiif viewer powered by OpenSeadragon

225a - 226a

Texts on this page

F125 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo