| e-texts navigator |
| Wylie |
225a1 དཔེ་ནི་ཇི་ལྟར་ལགས། བཅོམ་ལྡན་འདས་ཆོས་ལ་རྟོག་པའི་ཐབས་ལྔ་པོ་འདི་དག་ད་ལྟར་སོ་སོར་རྟོག་པའི་གང་ཟག་མ་འོངས་པའི
225a2 དུས་ན་ཡང་འབྱུང་བར་འགྱུར་ལགས་སམ། བཅོམ་ལྡན་འདས་ཆོས་ལ་རྟག་པའི་ཐབས་ལྔ་པོ་འདི་དག་ལ་སློབ་པའི་གང་ཟག་རྣམས་དོན་ལགས་པ་དང་། མ
225a3 ལགས་པར་བརྩོན་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་འཁོར་འདས་པ་འདི་དག་གི་ཐེ་ཚོམ་གྱི་དྲ་བ་བཅད་པའི་སླད་དུ་བདག་ལ་བཤད་དུ་གསོལ་དེ་སྐད
225a4 ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་ནི་རྣམས་གྲངས་དང་། དབྱེ་བའི་ཆོ་ས་ལ་རྟོག
225a5 པ་མི་མཛད་ཀྱང་། འཁོར་འདུས་པ་འདི་དག་འདི་ལྟར་མོས་པ་དང་། རྟོག་པ་ཐ་དད་པ་ཅི་ལས་གྱུར་ཞེས་ཟེར་བ་ནི། སྦྱངས་པ་དང་། མ་སྦྱོངས་པའི་དབང་ལས
225a6 ཤེས་པ་དང་། མོས་པ་ཆེ་ཆུང་ལས་གྱུར་ཏེ། སངས་རྒྱས་རྣམས་ནི་སྦྱངས་པ་དང་། བསྔགས་པ་དཔག་ཏུ་མེད་པས། བརྩལ་བ་མེད་པར་ཆོས་ཉིད་རང་གི་ངོ་བོ་ཉིད
225a7 ཇི་ལྟ་བ་ལས་མི་གཡོ་བ་ཅིག་པུ་ཡིན་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་ནོ།། ཆེར་སྦྱངས་པ་དང་། ཅུང་ཟད་སྦྱངས་པ་རྣམས་ཀྱི་ནི་ཡང་དག་པ
225a8 སེཾ་ས་བརྒྱུད་པ་ལས་ཟུག། ན་བྱེ་སུན་ག་པ་ང་བ་ཀྱྀ་ཡྀ་ལས་རབ་ས་ཁྱོང་དི་། རྣཾས་འཙུག་ང་བས་པ་དུ
225a9 ཡང་དག་པར་ལགས་སམ། འོན་ཏོ།། ཁ་ཅིག་ནི་ཡང་དག་པ་ལགས་ལ། ཁ་ཅིག་ནི་ཡང་དག་པ་ས་ལགས་སམ། ཞེས་ཟེར་བ་ནི། ཆོས་ལ་ག་ཞི་པའི