| e-texts navigator |
| Wylie |
224b1 སྣང་བར་བྱས་ནས། འཁོར་དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་འདག་པ་ལ་བསྐལ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། འཁོར་ཕལ
224b2 པོ་ཆེའི་རྟོག་པ་ལྔ་པོ་ཐ་དད་པར་འགྱུར་བར་སེམས་ཀྱིས་ཤེས་ནས། ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་གཞི་ཅིག་ལ། ལྟ་བ་དང་མོས་པ་ཐ་དད་པར་འགྱུར་སྙམ
224b3 སྟེ། བདག་གིས་བཅོམ་ལྡན་འདས་ལ་ཞུ་བར་བྱའོ་སྙམ་པ་དང་། འོད་ཟེར་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ལྗགས་ཀྱི་དབང་པོ་ལ་སླར་འདུས་པར་གྱུར་ཏོ།།
224b4 དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ནི་རྣམ་གྲངས་དང་དཔེ
224b5 བའི་ཆོས་ལ་རྟོག་པར་མི་མཛད་ཀྱང་། འཁོར་འདུས་པ་འདི་དག་མོས་པ་དང་རྟོག་པ་ཐམས་ཅ་དད་པ་འདི་ཅི་ལས་གྱུར། བཅོམ་ལྡན་འདས་ཆོས་ལ་བརྟག་པའི
224b6 ཐབས་ལྔ་པོ་འདི་དག་ཀུན་ཡང་དག་པ་ལགས་སམ། འོན་ཏེ་ཁ་ཅིག་ཡང་དག་པར་ལགས་ལ། ཁ་ཅིག་ཡང་དག་པར་མ་ལགས་སམ། བཅོམ་ལྡན
224b7 འདས་ཆོས་ལ་བརྟགས་པའི་ཐབས་ལྔ་པོ་འདི་དག་གིས་རྣམ་པར་གྲོལ་བ་ཐོབ་པར་ནི་ལགས་སམ། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་ཐབས་ལྔ
224b8 པོ་འདི་དག་ལ་གང་ཟག་གི་རིགས་ནི་མཆིས་ལགས་སམ། བཅོམ་ལྡན་འདས་ཆོས་ལ་བརྟགས་པའི་ཐབས་ལྔ་པོ་འདི་དག་ལ་ཐ་དད་པར་སྣང་བ་མཐུན་པའི