| e-texts navigator |
| Wylie |
224a1 པར་བྱེད་དོ།། ཁ་གཅིག་གིས་ནི་ཆོས་ཐམས་ཅད་ནི་སེམས་ཙམ་ལས་མ་གཏོགས་པ་གཞན་མེད་པའི་ཆོས་སྟོན་ཏོ་སྙམ
224a2 ཏེ། དེ་ལ་ངེས་པར་འཛིན་ཅིང་རྟོགས་པར་བྱེད་དོ།། ཁ་གཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པར་ཡིན་པར་བདག་ཅག་ལ་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས
224a3 པར་འཛིན་ཅིང་། རྟོག་པར་བྱེད་དོ།། ཁ་གཅིག་གིས་ནི་སེབས་ཉིད་ཀྱང་མ་སྐྱེས་པར་བླ་དག་ཅག་ལ་ཆོས་སྟོན་ཏེ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར
224a4 བྱེད་དོ།། ཁ་གཅིག་གིས་ནི་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་མ་གྲུབ་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ།། ཁ་གཅིག
224a5 གིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་བྲལ་བ། རྟོག་པ་དང་། རྟོག་པའི
224a6 ཡུལ་ལས་འདས་པ། ཐོག་མ་མེད་པའི་དུསོ་ནས། སྤྲོས་པ་རྣམས་པར་དག་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ།།
224a7 དེ་ནས་བཅོམ་ལྡན་འདས་ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་མི་གཡོ་བར་བཞུགས་པ། དེ་ལས་སྙིང་རྗེ་དང་ལྡན་པའི་སྐར་སྣང་བར་བྱས་ནས། འཁོར
224a8 འདུས་པ་དེ་དག་གི་ལྟ་བ་ཐ་དད་པར་གྱུར་པའི་རྟོག་པའི་མུན་པ་སེལ་བ་ཞེས་བྱ་བའི་འོད་ཟེར་ལྗགས་ཀྱི་དབང་པོས་ལས་སྤྲོས། འོད་ཟེར་དེས་ཕྱོགས་བཅུ་ཐམས་ཅད