e-texts navigator
Collection
Volume
Page
Wylie

223b1 རི་དགས་ཀྱི་རྒྱལ་པོའི་ཆོས་ཀྱི་ཁང་བ་ན། ཡེ་ཤེས་ཀྱི་ཁྱད་པར་ལས་གྲུབ་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་བ་ཤམས་ལ། ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས
223b2 མི་གཡོ་བར་བཞུགས་སོ།། དེའི་ཚེ་གནས་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དག་འདུས། ལྷ་དང་། མི་དང་ལྷམ
223b3 ཡིན་ལ་སོགས་པ་འཁོར་ཕལ་པོ་ཆེ་ཐམས་ཅད་ཀྱང་འདུས་པར་འདུས་པར་གྱུར་ཏོ།། དེ་ནས་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཡང་དང་ཡང
223b4 བསྐོར་བ་བྱེད་ཅིང་ཕྱག་འཚལ་ཏེ། རང་རང་གི་ཕྱོགས་སུ་འདུག་སྟེ། མཆོད་པའི་མཆོག་ཐམས་ཅད་ཀྱིས་མཆོད་པར་བྱེད། སྟི་སྟང་དུ་བྱེད། རི་མོར་བྱེད་པ
223b5 ལ་ཡིད་སྐྱོ་བར་མི་བྱེད་དེ། ཆོས་མཉན་པར་བརྩམས་ཏེ། ལུས་བཏུད་ནས་འདུག་པར་གྱུར་ཏེ། དེའི་ཚེ་བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེ་བའི་ཆོས་ལ
223b6 རྟོག་པར་མི་མཛད་ཀྱང་། སྨོན་ལམ་དང་ཐུགས་རྗེའི་བྱིན་བརླབས་ཀྱིས། འཁོར་རྣམས་སོ་སོའི་མོས་པ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་གསུང་སྒྲོག
223b7 བར་སྣང་སྟེ། བཅོམ་ལྡན་འདས་ནི་བདག་ལ་ཆོས་སྟོན་ཏེ། གཞན་ལ་ནི་མ་ཡིན་ནོ་སྙམ་མོ།། དེ་ཡང་འཁོར་ཕལ་པོ
223b8 ཆེ་དེ་དག་ལས་ཀྱང་ཁ་ཅིག་གིས་ནི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་ཡོད་པའི་ཆོས་སྟོན་ཏོ་སྙམ་ཏེ། དེ་ལ་ངེས་པར་འཛིན་ཅིང་རྟོག




iiif viewer powered by OpenSeadragon

223a - 224a

Texts on this page

F125 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo