e-texts navigator
Collection
Volume
Page
Wylie

223a1 མེད་པར། ཡིད་དུ་འོང་བ། ཡིད་མཐད་པ། མཆོག་ཏུ་རྣམ་པར་དགའ་བའི་བྱང་ཆུབ་སེམས་དཔའ་རྣཾས་ཀྱི་གནས་ཡིན་ཏེ།
223a2 ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་དེ་ནི་དེ་ལྟ་བུར་འགྱུརརོ།། ཆོས་ཀྱི་རྣམས་གྲངས་འདི་བཤད་པ་ན། དགེ་སྙེན་མ་སྟོང་ཕྲག་མང་པོ་ཞིག་ནི། བླ་ན་མེད་པ་ཡང་དག་པར་རྫོག
223a3 བའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སྲོག་ཆགས་སྟོང་ཕྲག་མང་པོ་དང་། ལྷ་དང་མའི་སྐྱེ་དགུ་རྣམས་ཀྱིས་ནི་ཆོས་ཀྱི་སྣང་བ་ཐོབ་པར་འགྱུར་ཏོ།། བཅོམ་ལྡན་འདས
223a4 ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོའི་བཙུན་མོ་བདེ་ལྡན་མ་དང་། འཁོར་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན
223a5 ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་མ་བདེ་ལྡན་མ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
223a6 རྫོགས་སོ།། ། བཀྲ་ཤིས།། རྒྱ་གར་སྐདུ།
223a7 དྷམ་ཏསྠ་སྭ་བྷ་ཏ་ཨ་ཙཱ་ལ་བཱི་པྲི་ཏ་ག་སར་བྷེ་ཤུ་ཨ་པྲ་ས་ས་སཱུ་ཏྲ། བོད་སྐད་དུ། ཆོས་ཉིད་རང་གིངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད
223a8 སྣང་བ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོ་ལྡན་འདས




iiif viewer powered by OpenSeadragon

222b - 223b

Texts on this page

F124 - 'phags pa bde ldan ma lung bstan pa zhes bya ba theg pa chen po'i mdo
F125 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo