| e-texts navigator |
| Wylie |
135a1 ཇི་ལྟར་ཆོས་ཉིད་ཀྱི་དབྱིངས་དེ་དང་། ཇི་ལྟར་སྟོང་པ་ཉིད་དེ་དང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནས་ཇི་ལྟར་དེ་ཁོ་ན་ཉིད
135a2 མཐོང་བའི་བར་གང་ལ་གཉིས་སུ་མེད་ཅིང་། གཉིས་མ་ཡིན་པ་མེད་པ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། །
135a3 ཏདྱ་ཐཱ། བུདྡྷེ་བུདྷེ། སརྦ་བུདྷེ། བི་ཥ་ཡ། བི་ཤོ་དྷ་ནི་སྭཱ་ཧཱ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་བསྔགས་དང་བཅས་པ་ཇི་སྙེད་པ་རྫོགས་སྷོ།། །
135a4 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་བའི་མཛོད་ལ་གུས་པར་ཕྱག་འཚལ
135a5 ལོ།། ཞེས་མཚན་ནས་ལན་གཅིག་བརྗོད་ན། ཚེ་གཅིག་ལ་བཞོན་པའི་སྡིག་པ་ཐམས་ཅད་དག་པར་འགྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡདག་པར་རྫོགས་པའི་སངས
135a6 རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་གུས་པར་ཕྱག་འཚལ་ལོ།། ཞེས་མཚན་ནས་ལན་གཅིག་བརྗོད་ན། ཚེ་གཅིག་ལ་དགེ་འདུན་གྱི་དཀོར་ལ་འབགས་པའི
135a7 སྡིག་པ་ཐམས་ཅད་འདག་གོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྤོས་དང་མེ་ཏོག་ལ་དབང་བ་སྟོབས་ཀྱི་རྒྱལ་པོ་ལ་གུས་པས་ཕྱག
135a8 འཚལ་ལོ།། ཞེས་མཚན་ནས་ལན་གཅིག་བརྗོད་ན། ཚེ་གཅིག་ལ་ཚུལ་ཁྲིམས་འཆལ་བའི་སྡིག་པ་ཐམས་ཅད་འདག་གོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར